དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་ལོ་སྟོད་དུ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.6ལྷག་ཙམ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-27

    ཚེས་25ཉིན། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ནས་དམིགས་ཚད་གཙོ་བོ་ཁག་རྒྱུན་མཐུད་འཕར་ཡོད།

    དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ཞིང་། ལོ་སྟོད་དུ་ཚོང་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་280.3ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་3.9%འཕར་ཡོད། ཁག་སོ་སོ་ནས་བལྟས་ན། ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་1.8%དང་། 4.0% 4.3% 14.6%བཅས་སོ་སོར་འཕར་བའི་ནང་ཀྲུང་གོའི་མཚོ་ཐོག་སྐྱེལ་འདྲེན་ཁེ་ལས་ཀྱིས་ལེགས་སྒྲུབ་བྱས་པའི་རྒྱང་རིང་རྒྱ་མཚོ་ཆེན་པོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་9.4%འཕར་ཡོད།

    གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་རྒྱུན་མཐུད་འཕར་བ་དང་ཕྱི་ཕྱོགས་ཚོང་དོན་གྱི་དོས་སྒམ་འཕར་ཚད་ཅུང་མགྱོགས་པོ་བྱུང་ཞིང་། ལོ་སྟོད་དུ་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་89ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་4.0%འཕར་ཡོད། དེའི་ནང་ཁུལ་དང་ཕྱི་ཕྱོགས་ཚོང་དོན་གྱི་དངོས་ཟོག་འདོན་འཇུག་བྱེད་ཚད་དུས་མཚུངས་ལས་5.0%དང་1.8%སོ་སོར་འཕར་ཡོད། དོས་སྒམ་འདོན་འཇུག་བྱེད་ཚད་དུང་ཕྱུར་1.7ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་6.9%འཕར་ཡོད། དེའི་ནང་ཁུལ་དང་ཕྱི་ཕྱོགས་ཚོང་དོན་གྱི་དངོས་ཟོག་འདོན་འཇུག་བྱེད་ཚད་དུས་མཚུངས་ལས་4.0%དང་8.9%སོ་སོར་འཕར་ཡོད།

    མི་སྣ་འགྲོ་འོང་རྒྱུན་མཐུད་མང་དུ་ཕྱིན་ཞིང་། ལོ་སྟོད་དུ་ཁུལ་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་337.6ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད། ཁག་སོ་སོ་ནས་བལྟས་ན། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་ནས་འགྲུལ་པ་དབོར་འདྲེན་བྱེད་ཚད་དུས་མཚུངས་ལས་6.7%དང་6.0%སོ་སོར་འཕར་བ་དང་། གཞུང་ལམ་དུ་མི་སྣ་འཁོར་སྐྱོད་བྱེད་ཚད་དུས་མཚུངས་ལས་4.0%འཕར་བའི་ནང་དམངས་སྤྱོད་མཁའ་འགྲུལ་རྒྱལ་སྤྱིའི་མཁའ་ལམ་ནས་འགྲུལ་པ་དབོར་འདྲེན་བྱེད་ཚད་དུས་མཚུངས་ལས་28.5%འཕར་ཡོད།

    འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་གཞི་ཁྱོན་རྒྱུན་མཐུད་ཐུབ་ཅིང་། ལོ་སྟོད་དུ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་16474བཏང་བའི་ནང་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ལ་མ་དངུལ་སྒོར་དུང་ཕྱུར་3559དང་། སྒོར་དུང་ཕྱུར་11291 སྒོར་དུང་ཕྱུར་1093 སྒོར་དུང་ཕྱུར་531བཅས་ཁག་སོ་སོར་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།