ཤིན་ཅང་གི་གློག་ཁྲུང་ཆིང་དུ་གཏོང་བའི་ལས་གྲྭས་རིམ་རྩིས་བརྒྱབ་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་30.5བཏང་བ།
གསར་འགོད་པས་རྒྱལ་ཁབ་གློག་དྲ་ཤིན་ཅང་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7ཚེས་24ཉིན་བར་ཧ་སྨི་ནས་ཁྲུང་ཆིང་བར་གྱི་ཆན་ཧྥུའུ་±800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭས་རིམ་རྩིས་བརྒྱབ་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་30.5བཏང་བ་རེད།
དབྱར་ཁ་ཤར་ཚུན། ཁྲུང་ཆིང་གྲོང་ཁྱེར་གྱི་དྲོད་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་བསྟུན་ནས་གློག་སྤྱོད་ཀྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། ཁྲུང་ཆིང་གློག་དྲའི་ཐེག་ཚད་ཆེ་ཤོས་ཆན་ཝ་ཁྲི་2852ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འདས་ཟིན་པའི་ཉིན་20ལྷག་ཙམ་ནང་། ཧ་སྨི་ནས་ཁྲུང་ཆིང་བར་གྱི་ཆན་ཧྥུའུ་±800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭས་རྒྱུན་མཐུད་ཤུགས་ཚད་ཆེ་བའི་འཁོར་སྐྱོད་བྱས་ཏེ་གློག་གཏོང་ཚད་ཆན་ཝ་ཁྲི་400ཙམ་བར་རྒྱུན་འཁྱོངས་བྱས་ཡོད།
ཤིན་ཅང་གི་གློག་ཁྲུང་ཆིང་དུ་གཏོང་བའི་ལས་གྲྭ་ཟླ་6ཚེས་10ཉིན་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད། དབྱར་དུས་ཀྱི་གློག་མཁོ་འདོན་འགན་ལེན་བྱས་ཚུན་དུ་ཤིན་ཅང་གི་གློག་ཁྲུང་ཆིང་དུ་གཏོང་བའི་ལས་གྲྭའི་སྐུད་ལམ་ཤར་བགྲོད་ཐུབ་པའི་འགན་ལེན་བྱ་ཆེད། ལས་གྲྭའི་གློག་གཏོང་མཐའ་སྣེའི་ས་ཚིགས་པཱ་ལི་ཁུན་ཆན་ཧྥུའུ་±800ཡི་བརྗེ་སྒྱུར་ས་ཚིགས་ཀྱིས“མི་ཐབས་དང་རིག་ནུས་ལྟ་ཞིབ་ཚད་ལེན་ཟུང་འབྲེལ”གྱི་བྱེད་སྟངས་ལ་བརྟེན་ནས་འཁོར་སྐྱོད་བདག་སྐྱོང་གི་ལས་སྒྲུབ་བྱས་ཏེ། རིམ་རྩིས་བརྒྱབ་ན་སྐོར་ཞིབ་ལམ་ཐག་སྤྱི་ལེ་1359ལེགས་གྲུབ་ཟིན་པ་དང་དམར་ཕྱིའི་དྲོད་ཚད་ཐེངས་644འཇལ་བ་རེད།
འབྲེལ་ཡོད་གསར་འགྱུར།