དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཙོ་གནད་ལྟ་ཞིབ་ཚད་ལེན་ལས་སྟེགས་ལས་མངོན་པར།

    ལོ་སྟོད་དུ་དྲ་རྒྱའི་ཞབས་ཞུའི་འཛད་སྤྱོད་14.6%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-27

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། འཛད་སྤྱོད་དྲ་ཚོང་གི་སྤུས་ལེགས་ཐོན་རྫས་ལ་གསོན་ཤུགས་གསར་པ་རྒྱས་ཡོད་པ་རེད། ཟླ་བ་དང་པོ་ནས་དྲུག་པའི་བར། རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་8.5%འཕར་བའི་ནང་། ཚོང་ཟོག་སྤུས་ལེགས་དང་། རྙིང་པ་གསར་བརྗེས། དྲ་རྒྱའི་ཞབས་ཞུའི་འཛད་སྤྱོད་བཅས་ཅུང་མགྱོགས་པོ་འཕར་བ་དང་། གཙོ་གནད་ལྟ་ཞིབ་ཚད་ལེན་ལས་སྟེགས་ཀྱི་གྲངས་འཛིན་ཐོན་རྫས་དང་། རྒྱལ་ཁབ་ཀྱི་ཁ་གསབ་ཡོད་པའི་ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཐོན་རྫས་རིགས་15 དྲ་རྒྱའི་ཞབས་ཞུའི་འཛད་སྤྱོད་བཅས་ཁག་སོ་སོར་9.9%དང་། 12.7% 14.6%འཕར་ནས། ཟླ་བ་བཞི་པ་ཚུན་ལས་སྟེགས་དེའི་ཕྱི་ཕྱོགས་ཚོང་དོན་ཆེད་དམིགས་ཁུལ་གྱི་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་33ལས་བརྒལ་ཡོད། དྲ་ཐོག་ཚོང་དོན་ཁྱབ་ཁོངས་སུ་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་བར་ཕན་འབྲས་ཐོན་ནས་སྤུས་ལེགས་དྲ་ཚོང་གསོ་སྐྱོང་དང་། ཕྱི་ཕྱོགས་ཚོང་དོན་གྱི་ནང་ཁུལ་ཚོང་ལམ་རྒྱ་སྐྱེད། མི་ཐབས་རིག་ནུས་ཉེར་སྤྱོད་ཐབས་ལམ་གསར་གཏོད་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།