དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་བྱང་དུ་མྱུར་བགྲོད་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-27


    མདོ་ལ་རིང་མོའི་ལྷོ་འདབས་སུ་གནས་པའི་མཚོ་བྱང་ཀྲོའུ་ནི་སྔར་ནས་ད་བར་འགྲིམ་འགྲུལ་གྱི་འགག་རྩ་ཞིག་ཡིན་ཞིང་། ཤར་ཀན་སུའུ་དང་ཧྲའན་ཤིས་སུ་ཕྱོགས་པ་དང་། ནུབ་བྱང་རྨ་ནུབ་དོག་ལམ་དུ་ཕྱོགས་པ། ལྷོ་ཁྲོན་བོད་ལ་ཕྱོགས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་ལམ། གྲོང་གསེབ་ཀྱི་བགྲོད་ལམ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། འགྲིམ་འགྲུལ་དང་ཟོག་འགྲེམས་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་ཁྲིད་བྱས་ཤིང་། པར་འདི་གཉིས་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ཁོངས་ཀྱི་མདོ་ལ་རིང་མོའི་ཀྲང་དབུན་མྱུར་བགྲོད་གཞུང་ལམ་དང་G227ལམ་དུ་རླངས་འཁོར་སྐྱོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།