དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཟི་ལིང་གི་སྡེ་ཁུལ་ལས་དོན་དོ་དམ་ཞབས་ཞུའི་ལས་སྟེགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཙེ་ཤིང་།   |     སྤེལ་དུས།  2025-07-27

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་ནན་ཁྲོན་ནུབ་ལམ་ཁྲོམ་གཞུང་ཨན་ཉིང་ལམ་སྡེ་ཁུལ་གྱི་དྲ་མིག་པ་ཡོན་ཝུན་ཐའོ་ཡིས། ད་ལོའི་ཟླ་བ་5པར་ཆུ་ལམ་ལ་སྐོར་ཞིབ་བྱེད་སྐབས་སྲུང་སྐྱོར་བསྒར་མེད་པའི་མངོན་མེད་རྐྱེན་ངན་ཡོད་པའི་གནས་ཚུལ་ཤེས་བྱུང་། APPབརྒྱུད་འགན་ནུས་སྡེ་ཚན་ལ་གནད་དོན་དེ་གོང་ཞུ་བྱས་པས། ཉིན་གཉིས་པར་འགན་ནུས་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་དང་ཆབས་ཅིག ཉེན་ཟོན་ཐག་པ་འཐེན་ནས་དུས་ཐོག་ཏུ་རྗེས་མཐུད་ཀྱི་ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱས་སོང་། “དེ་སྔ་བརྒྱུད་རིམ་དེར་གཟའ་འཁོར་གཅིག་ཙམ་འགོར་གྱི་ཡོད། ད་ལྟ་ངས་མ་ལག་ནང་གནད་དོན་ཛ་དྲག་གི་ཚད་གཞི་ལྟར་ཐག་གཅོད་བྱེད་པའི་རེ་བ་ཞུས་ན་ཉིན་གསུམ་ནས་བདུན་བར་འགན་ནུས་སྡེ་ཚན་གྱིས་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་འདུག”ཅེས་བརྗོད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཟི་ལིང་གྲོང་ཨུད་ཀྱི་ལས་དོན་ཆེད་གཉེར་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་གི་ཁོངས་མི་ཀྲང་ཁུའེ་ཡིས། སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཟི་ལིང་གྲོང་ཁྱེར་གྱིས་སྡེ་ཁུལ་གྱི་ལས་དོན་དོ་དམ་ཞབས་ཞུའི་ལས་སྟེགས་སྤྱད་དེ“མཚམས་ངོས་གཅིག”ལ་བརྟེན་ནས་སྡེ་ཁུལ་གྱི་ལས་སྒོ་དང་དྲ་མིག་ཅན་གྱི་ལས་སྒྲུབ་དོན་དག་ཕྱོགས་བསྡུས་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་དང་། མི་སྤྱི། དམངས་སྲིད། སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་ལས་སྒོའི་དོན་དག་ཁྱོན་38གསེད་དཀྲོལ་འབྲེལ་མཐུད་བྱས་པས། གོང་གསལ་གྱི་ལས་སྒོ་དག་མཚམས་ངོས་གཅིག་ནས་སྒྲུབ་གཉེར་ཐུབ་སྟེ། ལས་སྒོ་སྒྲུབ་གཉེར་དུས་ཡུན་ཐུང་དུ་ནུས་ལྡན་ཕྱིན་སོང་ཞེས་བརྗོད།

    “ད་དུང་ང་ཚོས་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་གྱི་ད་ཡོད་ཀྱི་གོང་འབུལ་རེའུ་མིག་132ཕྱོགས་ཡོངས་ནས་ཚད་ལྡན་དང་གཙང་བཤེར་བྱས་པ་དང་། མཐར་གོང་འབུལ་རེའུ་མིག་46ཉར་ཡོད། གྲངས་གཞི་མཉམ་སྤྱོད་ལ་བརྟེན་ནས་རྒྱབ་སྟེགས་གྲངས་གཞིའི་འདེགས་སྐྱོར་ཐུབ་པ་དང་། དྲ་མིག་པའི་རྒྱུན་ལྡན་གྱི་སྐོར་ཞིབ་དོན་ཚན་14དག་ལས་སྟེགས་ཀྱི‘གཅིག་གྱུར་དྲ་མིག’བརྒྱུད་གནད་དོན་གོང་ཞུ་ཐུབ་པས། སྡེ་ཁུལ་གྱིས་གོང་ཞུ་བྱེད་དགོས་ཀྱི་མེད། མིག་སྔའི་བར། སྡེ་ཚན་ཁག་གིས་ལས་སྟེགས་བརྒྱུད་གོང་འབུལ་རེའུ་མིག་ཐེངས་446ཕབ་ལེན་དང་། དྲ་མིག་པའི་རྒྱུན་ལྡན་གྱི་སྐོར་ཞིབ་དོན་ཚན་ཁག་2291ཕབ་འཇུག་བྱས་པས། གཞི་རིམ་གྱི་གྲངས་གཞི་བསྐྱར་ཞུ་བྱེད་པའི་ཁུར་པོ་ཡང་དུ་ཏན་ཏིག་ཕྱིན་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྲངས་གཞི་ཆེན་མོ་ཞབས་ཞུ་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་མ་ཁྲང་ཧུའུ་ཡིས་བརྗོད།

    “ད་ཆ། སྡེ་ཁུལ་གྱི་ལས་དོན་དོ་དམ་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ར་སྤྲོད་དོན་དག་མང་པོ་ཞིག་སྡེ་ཁུལ་ནས་ཐད་ཀར་རེ་ཞུ་འབུལ་ཐུབ་པ་དང་རང་ཚུགས་ཞིབ་བཤེར་དང་ལག་ཁྱེར་སྤྲོད་ཐུབ་པ་མ་ཟད། སྡེ་ཁུལ་ལ་ཡང་གཞན་དབང་གི་ཐག་གཅོད་ནས་རང་འགུལ་ངང་གནད་དོན་ཤེས་རྟོགས་ཐུབ་པའི་བར་འགྱུར་ལྡོག་ཕྱིན་ཡོད”ཅེས་ཟི་ལིང་གྲོང་ཁྱེར་ཁྲེང་ཤིས་ཆུས་ཧྲེང་ལི་ལམ་ཁྲོམ་གཞུང་ཚོང་ལས་སྲང་ལམ་བྱང་མའི་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡན་ཧུང་ཤིན་གྱིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།