ལོ་སྟོད་དུ་བོད་ཀྱི་ས་ཁུལ་གྱི་སྤྱིའི་ཐོན་སྐྱེད་རིན་ཐང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
ཉེ་ཆར། “བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ”ཞེས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དགུ་པ་འཚོགས་ནས་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ལོ་སྟོད་དུ། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1382.72བྱུང་བ་དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན། དུས་མཚུངས་ལས་7.2%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.9ཡིས་མཐོ་བ། དུས་ཚིགས་མང་པོ་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་གོམ་པ་བརྟན་པོ་སྤོས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།