ཐོབ་ཐང་ལག་ཁྱེར“རྒྱལ་ཡོངས་ཀུན་སྒྲུབ”ཐུབ་པས་མི་ཐེངས་དུང་ཕྱུར་1ཙམ་ལ་ཕན་པ་ཐོབ་པ།
གསར་འགོད་པར་ཟླ་7ཚེས་23ཉིན་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“དྲ་གཅིག་ཀུན་སྒྲུབ”དང་ལས་ཕྱོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཐོན་མང་བའི་ཐེམ་ཐོའི་ལས་སྒོ“ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ”བྱེད་ཚད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ“རྒྱལ་ཡོངས་ཀུན་སྒྲུབ”ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་བཅས་བྱས་པས། མང་ཚོགས་མི་ཐེངས་དུང་ཕྱུར་1ཙམ་ལ་ཡུལ་གཞན་ནས་ལག་ཁྱེར་གཉེར་བར་སྟབས་བདེ་བསྐྲུན་ཡོད།
ཁ་ལོ་བའི་ལག་ཁྱེར་གྱི“རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས”དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཐོ་འགོད“ཀུན་འཐུས་ལག་ཁྱེར” ཁ་ལོ་བའི་ལག་ཁྱེར་དང་རླངས་འཁོར་གྱི་ལག་ཁྱེར་གློག་རྡུལ་ཅན་སོགས་འགྲིམ་འགྲུལ་དོ་དམ་གྱི་དམངས་ཕན་བྱ་ཐབས་ཁག་60ལྷག་ཙམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་མང་ཚོགས་མི་ཐེངས་དུང་ཕྱུར་60ལྷག་ཙམ་ལ་ཕན་པ་ཐོབ་པ་དང་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་མ་གནས་སྒོར་དུང་ཕྱུར་1000ལྷག་ཙམ་ཉུང་དུ་ཕྱིན་ཡོད། མིག་སྔར་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་བདག་དུང་ཕྱུར་1ལྷག་ཙམ་གྱིས་གློག་རྡུལ་རླངས་འཁོར་ལག་ཁྱེར་འདུན་ཞུ་བྱས་ཡོད་པ་དང་ཁ་ལོ་བ་དུང་ཕྱུར་3ལྷག་ཙམ་གྱིས་གློག་རྡུལ་གྱི་ཁ་ལོ་བའི་ལག་ཁྱེར་འདུན་ཞུ་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།