དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲངས་རིག་གིས་མཐུན་རྐྱེན་སྦྱར་ནས་སྤྱི་པའི་མཛོད་ཁང་གི་དངོས་པོ་མཐའ་དག་གོ་ཆོད་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  པའེ་ཀོང་ཏི།   |     སྤེལ་དུས།  2025-07-26

    ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚའོ་ཡན་གྱིས“ཅོག་ཙེ་རིང་པོ་འདི་ཁུངས་བརྟན་པོ་དང་སྤུས་ཀ་དག་པོ་འདུག དེ་སྔ་ཝུའུ་ཤིས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་རེད”ཅེས་བཤད།

    ཚན་རྩལ་ཅུས་ཀྱི་ཅོག་ཙེ་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གཞུང་ལས་ཁང་དུ་སླེབས་དོན་གང་ཡིན་ནམ་ཞེ་ན།

    2010ལོར་ཝུའུ་ཤིས་གྲོང་ཁྱེར་ཚན་རྩལ་ཅུས་ཁོངས་གཏོགས་ཀྱི་བྱ་གཞག་ཚན་པའི་ཚན་རྩལ་ཞབས་ཞུ་གསར་གཏོད་ལྟེ་གནས་ཀྱིས་ཅོག་ཙེ་རིང་པོ་དེ་ཉོས་པ་དང་། ཕྱིས་སུ་གཞུང་ལས་ཁུལ་བསྐྱར་དུ་མཛེས་བཟོ་དང་བསྡུ་སྒྲིལ་བྱས་ཏེ་བེད་མེད་དུ་ལུས་པའི་ཅོག་ཙེ་རིང་པོ་དེ་མཛོད་ཁང་དུ་བཅུག་ཡོད།

    ཅོག་ཙེ་རིང་པོ་དེ་བསྐྱར་དུ་བེད་སྤྱོད་བྱེད་དོན་ནི་ད་ལོ་ཝུའུ་ཤིས་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་བརྡ་ཐོ་ཞིག་དང་འབྲེལ་བ་ཡོད། ཝུའུ་ཤིས་གྲོང་ཁྱེར་ཚན་རྩལ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཆིའུ་ཧན་གྱིས“བེད་མེད་དུ་བཞག་པའི་སྤྱི་པའི་དངོས་རྫས་ཀྱི་ཆ་འཕྲིན་རྣམས་ཅང་སུའུ་སྤྱི་པའི་མཛོད་ཁང་གི་ཞབས་ཞུའི་ལས་སྟེགས་སུ་བསྐུར་ཆོག གལ་སྲིད་ཚན་པ་གཞན་ལ་དགོས་མཁོ་ཡོད་ཚེ་གཡར་སྤྱོད་བྱ་རྒྱུའི་རེ་འདུན་ཞུ་ཆོག་ལ། འཁོར་རྒྱུག་ཀྱང་བྱེད་ཆོག དངོས་རྫས་འཁོར་རྒྱུག་བྱེད་པར་གྲོན་དངུལ་ཐོལ་པ་མི་བསྡུ་བར་སྤྱོད་མཁན་ཚན་པས་དབོར་འདྲེན་དང་སྒྲིག་སྦྱོར་གྱི་གྲོན་དངུལ་སྤྲད་ན་འགྲིག་ཅེས་པའི་བརྡ་ཐོ་འབྱོར་བྱུང”ཞེས་བཤད།

    ཆིའུ་ཧན་གྱིས་ལྟ་ཚོད་བྱེད་སྙམ་ནས་ཅོག་ཙེ་དེའི་གཞི་རྩའི་ཆ་འཕྲིན་མ་ལག་ནང་བཀོད་པར“ཉིན་ཁ་ཤས་མ་སོང་བར་ཚན་པ་གཞན་གྱིས་སྤྱོད་རྒྱུའི་རེ་འདུན་ཞུས་ཡོད”

    དེ་རྗེས་ཅོག་ཙེ་རིང་པོ་དེ་སྔ་རྗེས་སུ་ཚན་པ་གཉིས་ཀྱིས་གཡར་མྱོང་ཡོད། གཡར་མཁན་ཕྱོགས་གསུམ་ཚན་པ་ཡིན་པའི་ཝུའུ་ཤིས་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་ཅོག་ཙེ་དེ་ཐད་ཀར་ལེན་རྒྱུའི་ཐག་བཅད། ཆིའུ་ཧན་གྱིས“རྒྱུ་ནོར་རྩིས་སྤྲོད་འགྲོ་ལུཌ་གཉེར་ཚར་སོང”ཞེས་བཤད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཅང་སུའུ་ཞིང་ཆེན་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་སྤྱི་པའི་མཛོད་ཁང་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་བེད་མེད་དུ་ལུས་པའི་རྒྱུ་ནོར་གྱི“ཆ་འཕྲིན་བསྡུ་རུབ་དང་། སྙོམ་སྒྲིག་ཞིབ་མཆན། ཟོག་འགྲེམས་སྡེབ་སྐྱེལ། ཕྱིར་སྤྲོད་བསྡུ་ཉར་བཅས་དྲ་གཅིག་ཀུན་སྒྲུབ་ཐུབ་པར་བྱས་ཤིང་། གྲངས་རིག་གིས་མཐུན་རྐྱེན་སྦྱར་ནས་དངོས་པོའི་གོ་ཆོད་པར་བྱས་ཏེ། གྲོན་ཆུང་བསྲི་ཚགས་བྱ་རྒྱུ་དེ་དར་སྲོལ་ཞིག་ཏུ་འགྱུར་བར་བྱས་ཡོད།

    དཔེ་དེབ་དང་། རྐུབ་སྟེགས། འབོལ་ཁྲི། ལྕགས་སྒྲོམ། ཁྱིམ་སྤྱོད་གློག་ཆས་ཆུང་གྲས་བཅས་ཅ་དངོས་རྙིང་པ་ཅང་སུའུ་ཡི་སྤྱི་པའི་མཛོད་ཁང་ཞབས་ཞུའི་ལས་སྟེགས་ཐོག་ཐོ་བཀོད་ཚེ། ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་ཁུངས་ཁག་དང་བྱ་གཞག་ཚན་པ་ཁག་གིས་བསྐུར་བའི“བེད་མེད་དངོས་པོ་ཡག་པོ”དེ་དག་གི་རྒྱུ་ནོར་བདག་དབང་ཁོངས་གཏོགས་དང་། གསར་རྙིང་། ཉོ་སྒྲུབ་རིན་གོང་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་གསལ་པོར་མཐོང་ཐུབ།

    སྤྱི་པའི་མཛོད་ཁང་གི་ལེགས་ཆ་གང་ཡིན་ནམ།

    ས་ཆ་གྲོན་ཆུང་ཐུབ་ཅིང་། བེད་མེད་དུ་ལུས་པའི་དངོས་པོ་ཚན་པ་དེ་གར་བཞག་ཆོག་ལ། ལས་ཁུངས་ཀྱི་ལས་དོན་དོ་དམ་ཅུས་ལ་གཅིག་སྡུད་གཅིག་གྱུར་དོ་དམ་བྱ་རྒྱུའི་རེ་འདུན་ཡང་ཞུ་ཆོག ཝུའུ་ཤིས་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་མུའུ་ཡོན་གྱིས་ངོ་སྤྲོད་བྱས་པར། དོ་དམ་ཅུས་ཀྱིས་སྤྱི་པའི་དངོས་རྫས་འཇོག་ཁང་སྨི་ངོས་གྲུ་515བསྐྲུན་པ་དང་ནང་ཁུལ་དུ་མཛོད་ཁང་སྣ་ཚོགས་བཀོད་སྒྲིག་བྱས་ཡོད།

    མ་གནས་གྲོན་ཆུང་ཐུབ་ཅིང་། ཀྲང་མུའུ་ཡོན་གྱིས“གནས་སྐབས་ཀྱི་ལས་ཀ་ཁ་ཤས་བྱས་ཟིན་རྗེས་རྒྱུ་ནོར་ཁག་གཅིག་བེད་མེད་དུ་འཇོག་དགོས་ཀྱི་ཡོད། སྤྱི་པའི་མཛོད་ཁང་གི་ལས་སྟེགས་བརྒྱུད་གཞུང་ལས་ཁང་གི་མཁོ་ཆས་དེ་དག་གཡར་བའམ་ཡང་ན་འཁོར་རྒྱུག་བྱས་ཚེ། མ་དངུལ་གྲོན་ཆུང་ཐུབ་ལ་འཕྲོ་བརླག་ཀྱང་འགྲོ་མི་སྲིད”ཅེས་བཤད།

    དུས་ཚོད་གྲོན་ཆུང་ཐུབ་ཅིང་། ཚའོ་ཡན་གྱིས་སྤྱི་པའི་མཛོད་ཁང་ལས་སྟེགས་ལ་རེ་བ་བཏོན་ཚེ་མགྱོགས་མྱུར་བེད་སྤྱོད་ཐུབ་པས་ཉོ་སྒྲུབ་བྱེད་པའི་དུས་ཚོད་གྲོན་ཆུང་བྱེད་ཐུབ་ཅེས་བཤད།

    ལས་ཀ་ཉུང་དུ་གཏོང་ཐུབ་ཅིང་། ལས་སྟེགས་མ་སྤྱད་གོང་གལ་སྲིད་བེད་མེད་ཐོན་ཁུངས་རྩིས་སྤྲོད་དགོས་ཚེ་ཚན་པ་ཕྱོགས་གཉིས་ཀས་རང་སོ་སོའི་ལས་ཁུངས་ལས་དོན་དོ་དམ་ཅུས་ལ་མཛོད་ཁང་ནང་འཇོག་པ་དང་དེ་ནས་ལེན་པའི་འགྲོ་ལུགས་གཉེར་དགོས་ཀྱི་ཡོད། ཀྲང་མུའུ་ཡོན་གྱིས“ད་ཆ་ལས་སྟེགས་དེ་བརྒྱུད་རང་དགར་རྩིས་སྤྲོད་རྩིས་ལེན་གྱི་འཛིན་ཤོག་ལ་བརྟེན་ནས་ཕྱོགས་གཉིས་པོས་བརྒྱུད་སྤྲོད་དང་འབྲེལ་མཐུད་བྱས་ན་འགྲིག མིག་སྔར། ཝུའུ་ཤིས་གྲོང་ཁྱེར་གྱི་ལས་ཁུངས་དང་ཚན་པ་ཁག་གི་སྡེ་ཚན་གཞན་གྱི་རྒྱུ་ནོར་མཉམ་སྤྱོད་བྱེད་ཚད་ལས་སྟེགས་དེ་མ་སྤྱད་གོང་ལས་35%ཙམ་མཐོ་རུ་ཕྱིན་ཡོད”ཅེས་བཤད།

    ད་ལོ་ཚུན། ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་ལས་ཁུངས་སོགས་ཀྱིས་ལས་སྟེགས་དེ་བརྒྱུད་ཁག་ཐེངས་400ལྷག་ཙམ་དང་རྒྱུ་ནོར་3000ལྷག་ཙམ་སྙོམ་སྒྲིག་བྱས་པས་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི་1100ལྷག་ཙམ་གྲོན་ཆུང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།