དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྱིམ་ཆས་ལ་སྐྱོན་ཤོར་ཡོད་ཚེ་འཛད་སྤྱོད་པས་སྤུས་ཚད་ཆ་འཕྲིན་ཁུངས་འདེད་བྱེད་ཆོག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧན་ཤིན།   |     སྤེལ་དུས།  2025-07-26

    ཉོས་པའི་ཤིང་གི་འབོལ་ཁྲི་གས་ཚེ། ཚོང་པས“ཤིང་ཆའི་ཁྱད་ཆོས་རེད”ཅེས་རང་འགན་གཞན་དཀྲི་བྱས་པར་འཛད་སྤྱོད་པས་བདེན་རྫུན་ར་སྤྲོད་བྱེད་ཐབས་བྲལ་བ་དང་། མངག་བཟོ་བྱས་པའི་བརྙན་འཕྲིན་འཇོག་སྒམ་གྱི་ཁྲུ་ཐིལ་སྐྱོན་ཤོར་ནས་འཐེན་འདྲུད་འཐེན་མི་ཐུབ་ཚེ་ཚོང་སློག་སྐྱིན་འཇལ་གྱི་རེ་ཞུ་བཏོན་ནའང་། ཆ་འཕྲིན་ཆ་མི་ཚང་བའི་དབང་གིས་ཁེ་དབང་སྲུང་སྐྱོང་དཀའ་བ་སོགས་ཀྱི་གནད་དོན་ཐོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཁྱིམ་ཆས་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་སོང་སྟེ། ཐོན་རྫས་ཀྱི་སྤུས་ཚད་མི་སྙོམས་པ་དང་། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ཀྱིས་ཁེངས་པ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དཀའ་བ་སོགས་ཀྱི་གནད་དོན་ཡང་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《ཁྱིམ་ཆས་ཀྱི་སྤུས་ཚད་ཁུངས་འདེད་མ་ལག་ཚད་གཞི》ལག་བསྟར་བྱས་པ་དང་ཆབས་ཅིག དུས་ཡུན་རིང་པོའི་ནང་འཛད་སྤྱོད་པར་འཕྲད་པའི་འཚོ་བའི་གནད་དོན་དེ་དག་ཐག་གཅོད་བྱེད་ཐུབ་རྒྱུ་རེད། 《ཚད་གཞིའི》ནང་ཁུངས་འདེད་མ་ལག་གིས་ཁྱིམ་ཆས་ཀྱི་རྒྱུ་ཆ་མཁོ་སྤྲོད་དང་། ཇུས་འགོད། བཟོ་སྐྲུན། འཁོར་རྒྱུག འཛད་སྤྱོད་སོགས་ཀྱི་ཁུངས་འདེད་ལྷུ་ཚིགས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དེ་ཁུངས་འདེད་ནང་དོན་གཙོ་བོར་བརྩིས་ནས། བརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་ཁུངས་འདེད་བྱེད་དགོས་པ་མ་ཟད། འཛད་སྤྱོད་པ་དང་། ཁེ་ལས། འབྲེལ་ཡོད་སྡེ་ཚན་སོགས་ཁུངས་འདེད་བྱེད་མཁན་ལ་དགོས་མཁོ་དང་དབང་ཚད་ལྟར་ཁུངས་འདེད་ཆ་འཕྲིན་མཁོ་འདོན་ཡང་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་དང་འཛད་སྤྱོད་པའི་ཡིད་ཆེས་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།

    འཛད་སྤྱོད་པས་ཁུངས་འདེད་ཆ་འཕྲིན་སྤྱད་དེ་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་པར་སེམས་ཁུར་བྱེད་ཀྱི་ཡོད། དེའི་ཐད《ཚད་གཞིའི》ནང་། སྤྱོད་མཁན་གྱིས་ཐོན་རྫས་སམ་ཐོན་རྫས་ཀྱི་ཐུམ་སྒྲིལ་ངོས་སུ་བཀོད་པའི་ཁུངས་འདེད་ཨང་རྟགས་ལ་གཞིགས་ནས། ཁྱིམ་ཆས་ཀྱི་སྤུས་ཚད་ཁུངས་འདེད་དོ་དམ་ལས་སྟེགས་སམ་ཡང་ན་ཐོན་སྐྱེད་ཁེ་ལས་ཀྱི་ཁུངས་འདེད་མ་ལག་དང་ཕྱིར་ཚོང་ཁེ་ལས་ཀྱི་ཁུངས་འདེད་མ་ལག་བརྒྱུད། ཐོན་རྫས་ཀྱི་ཁུངས་འདེད་ཆ་འཕྲིན་འདྲི་རྩད་བྱེད་ཆོག་ཅེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།