2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ་ཐེན་ཅིན་དུ་འཚོགས་པ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དྲུང་ཡིག་ཁྲུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ་ཐེན་ཅིན་དུ་འཚོགས་པ་རེད། བྱེད་སྒོའི་དམིགས་ཡུལ་ནི་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་འབྲེལ་མཐུད་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་མང་པོའི་སྲིད་གཞུང་སྡེ་ཚན་དང་། ཇུས་འདོན་ཚོགས་པ། རིག་གནས། སྒྱུ་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྐུ་མགྲོན་300ལྷག་ཙམ་བྱེད་སྒོར་ཞུགས་ནས“གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དར་སྤེལ་གཏོང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཛེས་སྡུག་ལྡན་པའི་ཐུན་མོང་ཁྱིམ་གཞིས་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་སུའོ་ཧེར·ཧན་གྱིས་མི་ཆོས་རིག་གནས་སྤེལ་རེས་དང་དམངས་ཁྲོད་ཀྱི་ཕྱི་འབྲེལ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གསར་འཛུགས་ཡིག་ཆའི་ནང་ཁ་གསལ་བཀོད་པའི་གྲོས་གཞི་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཤེས་དཔལ་གླེང་མོལ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་ཚུན་བསམ་ཤེས་དང་དཔྱད་གཞིར་འཛིན་པ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་ལས་སྟེགས་མཁོ་འདོན་བྱེད་པའི་དམིགས་ཡུལ་མཚོན་ཡོད་ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་གླེང་མོལ་བྱེད་སྒོའི་སྒྲོམ་གཞིའི་ནང་ད་དུང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། སྣ་མང་བརྙན་པར་སྤེལ་རེས་བཅས་ཡན་ལག་གླེང་སྟེགས་གསུམ་བཀོད་སྒྲིག་བྱས་པ་དང་འབྲེལ《གྲངས་འཛིན་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན། ཀྲུང་གོའི་གྲོས་འགོ་དང་ཧྲང་ཧའེ་མཉམ་ལས་ཀྱི་འབྱུང་འགྱུར》སྙན་ཞུ་དང“ཤེས་དཔལ་མཉམ་དུ་སྲུང་སྐྱོང་བྱེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གཞོན་ནུས་བྱ་སྤྱོད་སྤེལ”ཞེས་པའི་ཐེན་ཅིན་གྲོས་འགོའང་ཁྱབ་བསྒྲགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།