ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་155པ་སྤེལ་འགོ་ཚུགས་པ།
ཉེ་ཆར། ཀྲུང་གོ་ཕྱོགས་ཀྱི་གྲུ་ཨང་53105དང་། གྲུ་ཨང་53107 གྲུ་ཨང་53108བཅས་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིང་ཧ་ཉེན་དོན་གྲུ་ཁ་ནས་ཐོན་འགོ་ཚུགས་པ་དང་། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་155པ་སྤེལ་འགོ་ཚུགས་པ་རེད། དེ་དང་དུས་མཚུངས། བྱ་སྤྱོད་ནང་ཞུགས་མཁན་ལོ་སི་དང་འབར་མའི་ཁྲིམས་སྒྱུར་གྲུ་གཟིངས་ཀྱིས་ལོ་སིའི་མོང་མོ་དང་འབར་མའི་དབན་པུང་གྲུ་ཁ་ནས་དུས་གཅིག་ལ་ཐོན་ཏེ་སྔོན་གཏན་འཁེལ་བའི་ཆུ་ཁོངས་སུ་འཛོམས་ནས་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་བྱ་སྤྱོད་ནང་ཀྲུང་གོ་ཕྱོགས་ཀྱི་གྲུ་ཨང་53107ནི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་དཔུང་རུའི་བཀོད་འདོམས་སུའོ་ཡིན་པ་དང་། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཕྱོགས་བཞིའི་བཀོད་འདོམས་པས་མཉམ་དུ་བཀོད་འདོམས་བྱས་ནས་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞིང་། ད་ཐེངས་ཀྱི་བྱ་སྤྱོད་ཉིན་བཞི་དང་མཚན་གསུམ་སྤེལ་རྒྱུ་ཡིན་པ་དང་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཕྱོགས་བཞིས་ཁྲིམས་སྒྱུར་བ་མི་ཐེངས་100ལྷག་ཙམ་བཏང་ནས་ཀྲུང་གོ་དང་། ལོ་སི། འབར་མ་བཅས་ཕྱོགས་གསུམ་གྱིས་ཁྲིམས་སྒྱུར་གྲུ་གཟིངས་7བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།