དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་རྩེ་ཕུད་འགྲན་བསྡུར་མཚོ་སྔོན་དུ་མཇུག་འགྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-26

    2025ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་རྩེ་ཕུད་འགྲན་བསྡུར་སྐབས་བཅུ་པ་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིཌ་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་དུ་མཇུག་འགྲིལ་ཞིང་། རྒྱལ་ཁབ་དང་ས་ཁུལ་9ཡི་རུ་ཁག་133དང་ལུས་རྩལ་པ་1155འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    རྐང་ཚ་རྫོང་གིས་ལོ་གསུམ་བསྟུད་མར་རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་རྩེ་ཕུད་འགྲན་བསྡུར་གཉེར་བ་དང་། འགྲན་བསྡུར་གྱིས་རྐང་ཚའི་ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐེབས་ནས། ཡུལ་དེའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།