དབྱར་གསེང་བུ་བཅོལ་ཁང་། ཕྲུ་གུའི་སྤྲོ་འཕེལ་ཁང་།
དབྱར་གསེང་རིང་ཕྲུ་གུ་ཉར་མཁན་མེད་པའི་དཀའ་ངལ་སེལ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་དབྱར་གསེང་གི་བུ་བཅོལ་འཛིན་གྲྭ་དངོས་སུ་གཉེར་འགོ་ཚུགས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། བུ་བཅོལ་འཛིན་གྲྭ་དེས་ལོ་6ནས་12བར་གྱི་སློབ་ཆུང་སློབ་མར་ཞབས་འདེགས་ཞུ་ཡི་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་བྱིས་པ་དང་གཞིས་ལུས་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་བསལ་གྱིས་སྔོན་ལ་ལྟ་རྟོག་བྱེད་ཀྱི་ཡོད། བུ་བཅོལ་འཛིན་གྲྭས་ཕྲུ་གུ་ཚོའི་ལོ་ན་དང་དགའ་ཕྱོགས་ལ་གཞིགས་ཏེ། ཟུར་ཁྲིད་དང་། སྤྲོ་འཕེལ་རོལ་རྩེད། ལག་ཤེས་སོགས་ཀྱི་སློབ་ཚན་ཡང་བཀོད་སྒྲིག་བྱས་ཏེ། ཕྲུ་གུ་ཚོའི་ཤེས་བྱའི་ཁྱབ་ཁོངས་རྒྱ་སྐྱེད་བཏང་བ་མ་ཟད། ཁོང་ཚོའི་ཕྱོགས་བསྡུས་ནུས་པ་ཡང་མཐོ་རུ་བཏང་བས། ཕྲུ་གུ་ཚོས་སྤྲོ་སྣང་ལྡན་ཞིང་ཕུན་སུམ་ཚོགས་པའི་དབྱར་གསེང་ཞིག་བཏང་ཡོད། འདི་ནི་རྫོང་དེའི་དབྱར་གསེང་བུ་བཅོལ་འཛིན་གྲྭའི་ལས་དོན་པས་ཕྲུ་གུ་ཚོར་ལག་ཤེས་སློབ་བཞིན་པ།
འབྲེལ་ཡོད་གསར་འགྱུར།