དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་ཁྱེར་དང་གྲོང་རྡལ། ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-25

    ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་ཁྲི་695མང་དུ་ཕྱིན་པ།

    ཟླ་7ཚེས་22ཉིན། གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་ཁྲི་695མང་དུ་སོང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་58%ལེགས་གྲུབ་བྱུང་ཡོད། འདི་ལོ་ཤར་ཚུན་དུ་མི་སྤྱི་སྡེ་ཚན་གྱིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ། གཙོ་བོ་ཕྱོགས་བཞི་ནས་ནུས་ཤུགས་བཏོན་ཏེ་རང་རྒྱལ་གྱི་ལས་ཞུགས་དུས་བབ་སྤྱི་ཡོངས་ནས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ཞིབ་ཕྲ་བརྗོད་ན་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་དམིགས་ཏེ། སྲིད་ཇུས་ལ་བརྟེན་ནས་ལས་གནས་བརྟན་དུ་དང་རྒྱ་ཆེ་རུ་གཏོང་བར་རོགས་རམ་བྱ་རྒྱུ་དང་། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ཏེ། ལས་ཞུགས་ལ་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ།

    ངལ་རྩོལ་པའི་འཇོན་ཐང་ཆེ་རུ་གཏོང་བར་དམིགས་ཏེ། ལས་རིགས་རྩལ་ནུས་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུ། མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་སྦྲེལ་མཐུད་ལ་དམིགས་ཏེ། ལས་ཞུགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཚུད་ཡོད།

    ལོ་སྟོད་དུ་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཆག་ཚད་དེས་ཁེ་ལས་ལ་ལས་མི་བཀོལ་སྤྱོད་ཀྱི་མ་གནས་སྒོར་དུང་ཕྱུར་900ལྷག་ཙམ་ཉུང་དུ་བཏང་བ་དང་། ཁེ་ལས་ཁྲི་81.5ལ་ལས་གནས་བརྟན་གཏོང་མ་དངུལ་སྒོར་དུང་ཕྱུར་62སྤྲད་པ། གསོ་སྦྱོང་ལ་རྒྱབ་སྐྱོར་སོགས་ལས་ཞུགས་ལ་སྐུལ་འདེད་གཏོང་བར་དངུལ་སྒོར་དུང་ཕྱུར་113བཏང་ཡོད།

    ལས་ཞུགས་བརྟན་གཏོང་ལས་དོན་མུ་མཐུད་ལེགས་པར་བསྒྲུབ་རྒྱུའི་ཐད། མི་སྤྱི་སྡེ་ཚན་གྱིས་ལས་ཞུགས་འཕར་ཚད་སྔོག་འདོན་དང་སྐྱེད་སྲིང་བྱ་རྒྱུ་དང་། ལས་ཞུགས་གསོག་ཚད་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ། གཙོ་གནད་ཚོགས་སྤྱིར་གནད་ལ་འཁེལ་པོས་རོགས་རམ་བྱ་རྒྱུ། ཞབས་ཞུའི་གསོ་སྦྱོང་རིམ་སྤོར་དང་ལེགས་སུ་གཏོང་རྒྱུ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཕྱོགས་ལྔ་ནས་ནུས་ཤུགས་འདོན་རྒྱུ་རེད།

    ད་ལོ་རང་རྒྱལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་གཞི་ཁྱོན་ཐད་སླར་ཡང་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་དེ་མི་ཁྲི་1222ཟིན་ཡོད། མི་སྤྱི་སྡེ་ཚན་གྱིས་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་སྣེ་འདྲེན་དུ་བྱས་ནས། གཙོ་གནད་ཚོགས་སྤྱི་དེའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཞབས་ཞུའི་གསལ་ཐོ་གཅིག་སྡུད་ཐོག་བསྟན་རྒྱུ་དང་། གནད་སྨིན་རོགས་སྐྱོར་གཅིག་སྡུད་ཐོག་བྱ་རྒྱུ། ལས་གནས་ཀྱི་ཆ་འཕྲིན་གཅིག་སྡུད་ཐོག་སྤེལ་རྒྱུ། གསོ་སྦྱོང་དང་ལྟ་སྦྱོང་གཅིག་སྡུད་ཐོག་སྒྲིག་འཛུགས་བྱ་རྒྱུ། དཀའ་སེལ་རོགས་སྐྱོར་གཅིག་སྡུད་ཐོག་བྱ་རྒྱུ་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྤེལ་ཏེ། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་སྔ་ཙམ་ལས་ཞུགས་དང་ལས་ཞུགས་ཡག་པོ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།