དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛད་ཟོག་རྙིང་པ་གསར་བརྗེས། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-25

    འདི་ལོ་ཚུན་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་རིགས་12ཀྱི་ཐོན་རྫས་རྙིང་པ་དུང་ཕྱུར་1.09ལྷག་ཙམ་གསར་པར་བརྗེས་པ།

    གསར་འགོད་པར་ཟླ་7ཚེས་22ཉིན་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན། རང་རྒྱལ་གྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་འཕེལ་ཏེ་འཛད་སྤྱོད་པ་ཁྲི་6600ལྷག་ཙམ་གྱིས་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་རིགས་12ཀྱི་ཐོན་རྫས་རྙིང་པ་དུང་ཕྱུར་1.09ལྷག་ཙམ་གསར་པར་བརྗེས་པ། འཛད་སྤྱོད་པ་ཁྲི་6900ལྷག་ཙམ་གྱིས་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཁྲི་7400ལྷག་ཙམ་ཉོས་པ། རྒྱལ་ཡོངས་ཀྱི་ཕྱིར་ཚོང་ཚོང་ཁང་ཁྲི་8.2ཀྱིས་གློག་སྒུལ་སྦག་སྦག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་སྤེལ་བ། རིམ་རྩིས་བརྒྱབ་ན་རླངས་འཁོར་གསར་པ་ཁྲི་905.6བརྗེ་ཉོ་བཅས་བྱས་ཡོད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་6.8ཟིན་ནས་དུས་མཚུངས་ལས་5.9%འཕར་ཏེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་10.3%ཟིན་ཡོད།

    སྡེབ་ཚོང་དང་སིལ་ཚོང་ལས་རིགས་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་ནས། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་དང་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ལོ་སྟོད་དུ། སྡེབ་ཚོང་ལས་རིགས་ལ་བལྟས་ཚེ། ཚོང་དོན་པུའི་གཙོ་གནད་འབྲེལ་གཏུག་ཚོང་ཟོག་ཁྲོམ་རའི་ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.8ཟིན་པ་དང་། སིལ་ཚོང་ལས་རིགས་ལ་བལྟས་ཚེ། ཚོང་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་21.8ཟིན་ནས་དུས་མཚུངས་ལས་5.1%འཕར་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་འཁྲུག་པོ་རྒྱུན་འཁྱོངས་ཐུབ་ནས་འགྲུལ་རྒྱུན་འཛད་སྤྱོད་བརྟན་པོའི་ངང་འཕར་ཡོད་ཅིང་། ལོ་སྟོད་དུ་ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་རྒྱལ་ཡོངས་ཀྱི་རྐང་ཐང་ཁྲོམ་གཞུང(ཚོང་སྐོར)50ཡི་འགྲུལ་རྒྱུན་དང་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་5.2%དང་3.4%སོ་སོར་འཕར་ཡོད། མིག་སྔའི་བར། རྒྱལ་ཡོངས་ཀྱི་ཚོད་ལྟའི་ས་ཁུལ་210ཡིས་རིམ་རྩིས་བརྒྱབ་ན་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་5510བསྐྲུན་ནས། སྡེ་ཁུལ་གྱི་གྲོང་མི་དུང་ཕྱུར་1.25ལ་ཞབས་འདེགས་ཞུས་ཡོད། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཚོང་ལས་དྲ་ཚིགས་སྣ་ཚོགས་ཁྲི་15.5འཛུགས་སྐྲུན་དང་སྒྱུར་བཀོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།