ཝུའུ་རྨ་མྱུར་བགྲོད་གཞུང་ལམ་གྱི་ཉིང་ཞའི་དུམ་བུ་སྦྲེལ་མཐུད་ཐུབ་པ།
འདི་ལོ་ཚུན་དུ། ས་གནས་ཁག་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་ལས་གྲྭ་ཚང་མར་སྐུལ་འདེད་ཏན་ཏིག་བཏང་བས་ལས་ཀའི་མྱུར་ཚད་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ཡོད། ཟླ་7ཚེས་22ཉིན། ཝུའུ་རྨ(ནང་སོག་ཝུའུ་ཧའེ་གྲོང་ཁྱེར་ནས་མཚོ་སྔོན་རྨ་ཆེན་རྫོང་བར)མྱུར་བགྲོད་གཞུང་ལམ་གྱི་ཧུའེ་ནུང(མོང་ཉིང་ས་མཚམས)ནས་ཧྲི་ཙུའེ་ཧྲན་བར་གྱི་དུམ་བུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཝུའུ་རྨ་མྱུར་བགྲོད་གཞུང་ལམ་གྱི་ཉིང་ཞའི་དུམ་བུ་སྦྲེལ་མཐུད་ཐུབ་པ་མཚོན་ཡོད། ལམ་ཐག་ལ་སྤྱི་ལེ་360ཡོད་པའི་ཝུའུ་རྨ་མྱུར་བགྲོད་གཞུང་ལམ་གྱི་ཉིང་ཞའི་དུམ་བུ་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་རུང་ཝུའུ(ཧྲན་ཏུང་རུང་ཁྲེང་གྲོང་ཁྱེར་ནས་ནང་སོག་ཝུའུ་ཧའེ་གྲོང་ཁྱེར་བར)མྱུར་བགྲོད་གཞུང་ལམ་གྱི་འབྲེལ་ཐིག་གལ་ཆེན་ཞིག་རེད།
འབྲེལ་ཡོད་གསར་འགྱུར།