གསར་དུ་བསྡུས་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྲི་4.8ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་རྡོག་ཐོན་བྱས་པ།
གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱས་པར། ཚེས་22ཉིན། ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་རྣམ་གྲངས་གཞུང་དོན་ཁང་དང་གུང་གཞོན་སྡེ་ཚོགས་པེ་ཅིང་གྲོང་ཨུད་ཀྱིས་པེ་ཅིང་འབབ་ཚུགས་ནུབ་མར་ཤིན་ཅང་དང་བོད་ལྗོངས་སོགས་སུ་ཞབས་འདེགས་ཞུ་བར་སྐྱོད་མཁན་ནུབ་རྒྱུད་འཆར་གཞིའི་དང་བླངས་པར་ཕེབས་སྐྱེལ་ཞུས་པ་དང་། པེ་ཅིང་གི་མཐོ་སློབ་30ལྷག་ཙམ་ནས་བསྡུས་པའི་དང་བླངས་འཐུས་མི་120ལྷག་ཙམ་གྱིས་བརྗིད་ཉམས་ཆེན་པོས་དམ་བཅའ་བཞག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། ས་གནས་ཁག་དང་མཐོ་སློབ་ཁག་གིས་2025ལོར་གསར་དུ་བསྡུས་པའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྲི་4.8ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་རྡོག་ཐོན་བྱས་ཤིང་། ཤིན་ཅང་དང་། བོད་ལྗོངས། ཅི་ལིན། ཀུའེ་ཀྲོའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)27དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། གྲོང་གསེབ་ཀྱི་སློབ་གསོ་དང་། གྲོང་གསེབ་འཛུགས་སྐྲུན། བདེ་ཐང་གི་གྲོང་གསེབ། གཞི་རིམ་བཅོས་སྐྱོང་སོགས་ལ་དམིགས་ནས། ལོ་གཅིག་ནས་གསུམ་བར་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་དང་། 90%ཡན་གྱི་ཞབས་ཞུའི་ལས་གནས་ནི་ཤང་དང་གྲོང་རྡལ་དང་དེ་བཞིན་གཤམ་འོག་ཏུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་སྤྱི་པུའུ་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་ལག་བསྟར་བྱས་པའི་ཤེས་ལྡན་པའི་འདུ་འགོད་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་རྒྱ་ཆེའི་ན་གཞོན་ཚོར་བཏོད་པའི་ནུབ་རྒྱུད་ཀྱི་གཞི་རིམ་དུ་བསྐྱོད་དེ་འཇོན་ཐང་ངོམ་པ་དང་མེས་རྒྱལ་གྱི་དྲིན་ལན་འཇལ་བའི་གར་སྟེགས་ཆེན་པོ་ཞིག་རེད། ལོ་22རིང་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་59ལྷག་ཙམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། རྫོང(གྲོང་ཁྱེར་དང་། ཆུས། ཆི)2000ལྷག་ཙམ་གྱི་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་ལ་ཞུགས་ཏེ། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་ལ་ཞབས་འདེགས་ཞུས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།