དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་དཔེ་སྟོན་རྣམ་གྲངས་ལས་ཀའི་ཇུས་གཞི་བཀྲམ་པ།

    བདེ་ཐང་རྒན་གསོ་ཞབས་ཞུའི་དགོས་མཁོ་དང་དེ་བས་འཚམ་པོ་ཡོང་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-25

    ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་དཔེ་སྟོན་རྣམ་གྲངས་ལས་ཀའི་ཇུས་གཞི(2025ལོའི་པར་མ)》བཀྲམ་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)དང་དཔེ་སྟོན་སྒྲིག་གཞི་བཙུགས་པ་བརྒྱུད། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་ནས། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་མཁོ་སྤྲོད་རྒྱུན་ཆད་མེད་པར་ཆེ་རུ་དང་ལེགས་སུ་གཏོང་བ་དང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་སྟེ། རྒན་རྒོན་གྱི་བདེ་ཐང་རྒན་གསོ་ཞབས་ཞུའི་དགོས་མཁོ་དང་དེ་བས་འཚམ་པོ་ཡོང་ཆེད་རེད།

    ལས་ཀའི་ཇུས་གཞིའི་ནང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་དཔེ་སྟོན་རྣམ་གྲངས་འཛུཌ་གཏོད་ལས་དོན་གྱི་འཛུགས་གཏོད་དམིགས་ཚད་དང་། འཛུགས་གཏོད་ཁྱབ་ཁོངས། འཛུགས་གཏོད་ཚད་གཞི། ལས་ཀའི་བརྒྱུད་རིམ་བཅས་ཁ་གསལ་བཟོས་ཡོད། ལས་དོན་དེ་ལོ་གཉིས་རེར་དཔྱད་དཔོག་ཐེངས་རེ་བྱ་རྒྱུ་དང་། དཔྱད་དཔོག་བྱེད་ཐེངས་རེར་རྫོང(གྲོང་ཁྱེར་དང་ཆུས)དང་སྒྲིག་གཞི་ཁག་100ཙམ་ལ་དཔེ་སྟོན་གྱི་མིང་འདོགས་རྒྱུ་མ་ཟད། 2030ལོར་འཛུགས་གཏོད་ལས་དོན་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་རེད།

    རྒྱལ་ཡོངས་ཀྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་དཔེ་སྟོན་སྒྲིག་གཞིའི་འཛུགས་གཏོད་ཚད་གཞི་ནི། གཉེར་སྐྱོང་བྱས་ནས་ལོ་5འམ་དེ་ཡན་ཕྱིན་པ་དང་། ལོ་2ཙམ་ནང་སྨན་ཁང་དུ་སྡོད་ཚད་དངོས་སུ་གཉེར་སྐྱོང་བྱས་པའི་ནད་ཁྲིའི་65%དང་དེ་ཡན་ཟིན་ནས། སྨན་ཁང་དུ་སྡོད་མཁན་རྒན་རྒོན་ལ་འཚམ་པའི་སྔོན་འགོག་དུས་མཚམས་ཀྱི་འཕྲོད་སྦྱོར་དང་། ནད་ཕོག་རིང་གི་སྨན་བཅོས། དྲག་སྐྱེད་དུས་ཀྱི་ནད་སྐྱོང་། ནད་བབ་ཞི་ལྷོད་སྐབས་ཀྱི་འཚོ་བའི་ལྟ་རྟོག་དང་དེ་བཞིན་འདས་ཁར་བདེ་ལྷོད་སྨན་སྐྱོང་བཅས་གཞི་གཅིག་ཅན་གྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུ་མཁོ་འདོན་ཐུབ་པ་བྱ་རྒྱུ་དང་། ནུས་པ་དང་རིག་སྟོབས་ཉམས་པའི་སྨན་ཁང་དུ་སྡོད་མཁན་རྒན་རྒོན་གྱི་བསྡུར་གྲངས་65%ཡན་ཟིན་པ་བྱ་རྒྱུ་མ་ཟད། གོང་གསལ་གྱི་ཆ་རྐྱེན་དང་འཚམ་པའི་རྨང་གཞིའི་ཐོག་གཤམ་གྱི་ཆ་རྐྱེན་དང་འཚམ་པའི་སྒྲིག་གཞི་སྔོན་ལ་འོས་སྦྱོར་བྱ་རྒྱུ་སྟེ། རྒན་རྒོན་གྱི་བདེ་ཐང་དང་དགོས་མཁོར་ཕྱོགས་བསྡུས་དཔྱད་དཔོག་བྱས་ནས་རྒན་རྒོན་གྱི་གློག་རྡུལ་བདེ་ཐང་ཡིག་ཚགས་བཟོ་བ་དང་། སྨན་བཅོས་དང་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་ཕྱོགས་བསྡུས་དཔྱད་དཔོག་བྱས་འབྲས་མཉམ་སྤྱོད་བྱ་རྒྱུ་དང་། བདེ་ཐང་སློབ་གསོ་དང་བདེ་ཐང་གི་དོ་དམ་བྱས་ནས། རྒན་རྒོན་གྱི་ནད་གཞིར་ཐོག་མའི་སྔོན་འགོག་གིས་ནུས་པ་དང་རིག་སྟོབས་ཉམས་པ་སྔོན་འགོག་དང་ཞི་ལྷོད་དུ་གཏོང་རྒྱུ། ཁྱིམ་སྡོད་དང་སྡེ་ཁུལ་གྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་འདེགས་ཞུ་རྒྱུ། ཁྱིམ་དུ་ཡོང་ནས་རྒན་རྒོན་ལ་ལྟ་རྟོག་བྱེད་མཁན་ལ་སེམས་ཁམས་གསོ་བ་དང་། གསོ་སྦྱོང་། རྒྱབ་སྐྱོར་བཅས་བྱ་རྒྱུ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་དང་ལེགས་ཆར་སྣང་ཆེན་བྱས་ནས། ཀྲུང་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་ཁྱབ་གདལ་བཏང་སྟེ། རྒན་རྒོན་གྱི་གཟུགས་པོའི་གནས་སྟངས་ལ་ཀྲུང་ལུགས་གསོ་རིག་གི་དབྱེ་འབྱེད་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བརྟག་དཔྱད་སྨན་བཅོས། དྲག་སྐྱེད་བདག་སྐྱོང་། ལུས་གསོ་འཕྲོད་སྦྱོར། བདེ་ཐང་དོ་དམ་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ། ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།