རང་རྒྱལ་གྱིས་སྣེ་ཁྲིད་ནས་བཟོས་པའི་གོ་ལ་ཧྲིལ་པོའི་འོད་ཤུགས་ཐད་རྒྱུག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་ཐོག་མ་དངོས་སུ་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་22ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་22ཉིན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱིས་སྣེ་ཁྲིད་ནས་བཟོས་པའི་གོ་ལ་ཧྲིལ་པོའི་འོད་ཤུགས་ཐད་རྒྱུག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་ཐོག་མ《དམའ་གནོན་ཐད་རྒྱུག་མ་ལག་ལ་ཁྱབ་ཚུལ་རྣམ་པའི་འོད་གློག་མཐུད་པའི་བེད་སྤྱོད་དཔེ་གཞི》ཉེ་ཆར་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
ཚད་གཞི་དེ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་ཧྭ་ནུས་ཅང་སུའུ་ཕྱོགས་བསྡུས་ནུས་རྒྱུ་ཞབས་ཞུ་ཚད་ཡོད་ཀུང་སིས་སྣེ་ཁྲིད་པ་དང་། འཇར་མན་དང་ཨ་རི་སོགས་རྒྱལ་ཁབ་14ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་ལས་དོན་ཚོགས་ཆུང་བཙུགས་ཏེ། ལོ་4མཉམ་ལས་བྱས་པ་བརྒྱུད་ཚད་ལྡན་གྱི་འཆར་གཞི་མཉམ་དུ་ལེགས་སྒྲུབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།