ཧྲན་ཏུང་རོང་ཁྲེང་དུ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དུས་གཏན་གྲུ་གཟིངས་དང་པོ་བདེ་བླག་ངང་ཤར་གཏོང་ཐུབ་པ།
ཉེ་ཆར། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དུས་གཏན་གྲུ་གཟིངས་དང་པོ་དེ་ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་གྱི་ཧྲི་ཏའོ་གླིང་ཕྲན་དོ་དམ་ཆུས་ཧྲི་ཏའོ་གླིང་ཕྲན་གྲུ་ཁ་གསར་པ་ནས་བདེ་བླག་ངང་ཤར་གཏོང་ཐུབ་པ་དེ་ཐོག་ནས་རོང་ཁྲེང་གྲོང་ཁྱེར་གྱིས“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་ནང་མཉམ་འདྲེས་དང་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་རྒྱ་སྐྱེད་གཏོང་བའི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད། ཨེ་ཤེ་ཡ་དང་ཡོ་རོབ་འབྲེལ་མཐུད་ཀྱི་ཟོག་འགྲེམས་འབྲེལ་ཐག་གསར་རྐྱང་ཡིན་པའི་ངོས་ནས་དུས་གཏན་གྲུ་གཟིངས་ཤར་གཏོང་ཐུབ་སྟེ། རོང་ཁྲེང་དང་ཨེ་ཤེ་ཡ་དབུས་མ་དང་དེ་བཞིན་ཡོ་རོབ་ས་ཁུལ་གྱི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་ཐེབས་ནས་ས་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་ཆེད་སྒུལ་ཤུགས་གསར་པ་སྦྱིན་རྒྱུ་རེད། འདི་ནི་ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་གླིང་ཕྲན་དོ་དམ་ཆུས་ཧྲི་ཏའོ་གླིང་ཕྲན་གྱི་གྲུ་ཁ་གསར་པའི་འགག་སྒོར་ས་ཁོངས་སྒྲོལ་བའི་དྲ་ཚོང་ཚོང་ཟོག་བྱུར་བུར་བླུགས་པའི“ཧྭ་ཏུང་མུ་ཏིག་ཨང་8པ་རྟགས་ཅན”སོགས་ཟོག་འདྲེན་གྲུ་གཟིངས་མང་པོས་བྲེལ་བརྩོན་ཆེ་ལ་གོ་རིམ་ལྡན་པའི་ངང་དོས་སྒམ་འདོན་འཇུག་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།