རྒྱལ་ཁབ་31གི་རྒྱ་རིག་པ་མཁས་ཅན་གྱིས་ཀྲུང་གོའི་རྩོམ་པ་པོ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྩོམ་རིག་སྤེལ་རེས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་དང་ནན་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་རྒྱ་རིག་པ་མཁས་ཅན་གྱི་རྩོམ་རིག་ཡིག་སྒྱུར་རྒྱལ་སྤྱིའི་བགྲོ་གླེང་ཚོཌ་འདུ་ཐེངས་བདུན་པ་ཅང་སུའུ་ནན་ཅིང་དུ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྩོམ་རིག་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་རྩོམ་རིག་དང་ཀྲུང་ཧྭའི་རིག་གནས་སྔར་བས་ལེགས་པའི་སྒོ་ནས་འཛམ་གླིང་དུ་ཁྱབ་སྤེལ་གཏོང་བར་སྐུལ་འདེད་གཏོང་ཆེད་རེད། རྒྱལ་ཁབ་31ནས་ཡོང་བའི་རྒྱ་རིག་པ་མཁས་ཅན་39དང་ཀྲུང་གོའི་རྩོམ་པ་པོ་39ཡིས་ཚོགས་འདུར་ཞུགས་ནས་སྤེལ་རེས་བྱས་པ་དང་རྒྱ་རིག་པ་མཁས་ཅན་15ལ“ཀྲུང་གོའི་རྩོམ་རིག་མཛའ་གྲོགས”ཀྱི་ལག་ཁྱེར་རག་པ་རེད།
ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧུང་སེན་གྱིས་བརྗོད་དོན། རྒྱ་རིག་པ་མཁས་ཅན་གྱི་རྩོམ་རིག་ཡིག་སྒྱུར་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བཙུགས་པ་ནས་ད་བར་ལོ་15འགྲོ་ཡི་ཡོད། ལོ་15ཡི་རིང་ཀྲུང་གོའི་རྩོམ་རིག་ལ་དོ་ཁུར་དང་དགའ་ཞེན་ཆེ་བའི་རྒྱ་རིག་པ་མཁས་ཅན་དང་ལོ་ཙཱའི་དཔུང་ཁག་ཇེ་ཆེར་འགྲོ་བ་དང་། ང་ཚོར་ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོགས་པོ་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོའི་རྩོམ་རིག་དང་འཛམ་གླིང་རྩོམ་རིག་དབར་སྤེལ་རེས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དེས་ཀྲུང་གོའི་རྩོམ་རིག་ཉིན་བཞིན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་དཔང་པོ་བྱས་ཡོད། ད་ཐེངས་བགྲོ་གླེང་ཚོགས་འདུ་འཚོགས་ནས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་བརྒྱུད། ཀྲུང་གོ་དང་ཕྱི་རྒྱལ་གྱི་རྩོམ་རིག་སྤེལ་རེས་ཀྱི་གྲུབ་འབྲས་སྲ་བརྟན་དང་། རྒྱ་སྐྱེད། གཏིང་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་རྒྱ་རིག་པ་མཁས་ཅན་15ལ“ཀྲུང་གོའི་རྩོམ་རིག་མཛའ་གྲོགས”ཀྱི་ལག་ཁྱེར་སྤྲད་དེ་དང་། རྒྱ་རིག་པ་མཁས་ཅན་ཚོས་ཀྲུང་གོའི་རྩོམ་རིག་ཡིག་སྒྱུར་དང་བརྒྱུད་བསྒྲགས་ཐད། དཀའ་སྤྱད་འབད་བརྩོན་བྱས་པ་དང་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་པར་གཟེངས་བསྟོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།