དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཙེ་ཨོ་ཕི་ཡས་ཀོག་ཧྥེ་ཕྱིར་གཏོང་གི་ཁྲོམ་ར་རྒྱ་སྐྱེད་བཏང་ནས་ཨ་རིའི་སྒོ་ཁྲལ་གྱི་རྡབ་རྡེག་ལ་ཁ་གཏད་གཅོག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-25

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་དང་ཇ་ལོ་དོ་དམ་ཅུས་ཀྱི་དཔོན་རིགས་ཀྱིས་རྒྱལ་ཁབ་དེས་ཀོག་ཧྥེ་ཕྱིར་གཏོང་གི་ཐབས་ཇུས་ལེགས་སྒྲིག་བྱས་ནས་ཨ་རིའི་སྒོ་ཁྲལ་གྱི་རྡབ་རྡེག་ལ་ཁ་གཏད་གཅོག་རྒྱུར་བསམ་བློ་གཏོང་བཞིན་ཡོད་ཅེས་བཤད།

    ཉེ་ཆར། ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་དང་ཇ་ལོ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲ་ཧྥེ·ཝུའུ་མར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་ཚོས་ཀྲུང་གོ་དང་། རི་པིན། འཇར་མན། དབྱི་ཐ་ལི་སོགས་ད་ཡོད་ཀྱི་ཕྱིར་གཏོང་ཁྲོམ་ར་དང་ཚོང་དོན་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཆབས་ཅིག དབུས་ཤར་ས་ཁུལ་སོགས་ས་ཁུལ་གཞན་དག་ལ་ཀོག་ཧྥེ་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་ནོར་དཔལ་ལོ་འཁོར་གསར་པའི་ནང་། ཀོག་ཧྥེ་རྒྱལ་ཁབ་20ལྷག་ཙམ་ལ་ཕྱིར་གཏོང་བྱ་རྩིས་ཡོད་ཅེས་བཤད།

    ཝུའུ་མར་གྱིས་ཨེ་ཙེ་ཨོ་ཕི་ཡ་ནི་ཨ་ཧྥེ་རི་ཁའི་ཀོག་ཧྥེ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཡིན་ལ་གོ་ལ་ཧྲིལ་པོའི་ཨ་ལ་པི་ཁ་ཀོག་ཧྥེ་སྲན་མ་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་གྲས་ལྔ་པའང་ཡིན། ཨ་རི་སྲིད་གཞུང་གིས་ཨེ་ཙེ་ཨོ་ཕི་ཡ་ནས་ནང་འདྲེན་བྱེད་པའི་ཀོག་ཧྥེ་ལ་སྒོ་ཁྲལ་10%བསྡུ་རྒྱུ་ཡིན་པ་ལས་སྔོན་དཔག་བྱས་ན་རྒྱལ་ཁབ་དེའི་ཀོག་ཧྥེ་ཕྱིར་གཏོང་གྲངས་འབོར་35%ཙམ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པས། ངེས་པར་དུ་ཕྱིར་གཏོང་སྲིད་ཇུས་ལེགས་སྒྲིག་བྱེད་དགོས། “ཀོག་ཧྥེའི་ཐོན་ལས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་གང་ཞིག་ཡིན་རུང་དང་ལེན་བྱེད་མི་སྲིད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།