དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས། བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་།

    ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་གྱིས་འདུམ་འགྲིག་བྱེད་སྟངས་གསར་གཏོད་དང་ལག་བསྟར་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-25

    འདི་ནི་དཔལ་འབྱོར་གླིང་གྲོང་རྡལ་དུས་བདེ་ཁྲིམས་སྐྱོང་གཞུང་ལས་ཁང་དང་། མངགས་གཏོང་ཁང་། ཁྲིམས་འཛིན་སུའོ་བཅས་མཉམ་དུ་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་གྱིས་གཞི་རིམ་བཅོས་སྐྱོང་གི་དོན་དངོས་ལ་གཞི་ཚུགས་ནས། “དྲ་བ་གཅིག་དང་། གསར་གཏོད་གཉིས། ཤུགས་སྣོན་གསུམ”གྱི་འདུམ་འགྲིག་བྱེད་སྟངས་གསར་གཏོད་དང་ལག་ལེན་བསྟར་ཏེ། ས་ཁོངས་ཡོངས་ཀྱི་འདུམ་འགྲིག་དྲ་རྒྱ་ཚགས་དམ་དུ་གཏོང་བ་དང་། འདུམ་འགྲིག་གི་ཐབས་ལམ་སྣ་ཚོགས་གཏོད་པ། འདུམ་འགྲིག་སྟོབས་ཤུགས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་བཅས་ལྟེ་བའི་བྱེད་ཐབས་ཆེན་པོ་གསུམ་བརྒྱུད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་བསྟར་གྱི་སྤུས་ཚད་མཐོ་བའི་དཔེ་མཚོན་ལས་གྲྭ་བདེ་བླག་ངང་བསྐྲུན་པ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ལ་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་དཔེ་མཚོན་མཁོ་འདོན་བྱས་ཡོད།

    “དྲ་བ་གཅིག”ས་ཁོངས་ཡོངས་ལ་ཁྱབ་པར་བྱས་ནས་ཁྱོན་ཡོངས་ལ་འདུམ་འགྲིག་བྱས་ཤིང་། དཔལ་འབྱོར་གླིང་གྲོང་རྡལ་གྱིས་ཕྱོཌ་བཞི་མཚམས་བརྒྱད་ལ་ཁྱབ་པའི“དྲ་བ་གཅིག”གི་ཕྱོགས་བསྡུས་འདུམ་འགྲིག་རྣམ་པ་ཞིབ་ཚགས་པོས་བཏོད་ཡོད། རྩ་འཛུགས་མ་ལག་ཐད་གྲོང་རྡལ་མི་དམངས་འདུམ་འགྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་གྲོང་ཚོ་རིམ་པའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་3བཙུཌ་ནས་རོགས་སྐྱོར་ཁྲིམས་རྩོད་པ་དང་གྲོང་རྡལ་འགན་གཙང་ཁྲིམས་དཔོན་གྱི་ཆེད་ལས་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་གཉིས་བསྡུ་སྒྲིལ་བྱས་ནས་རིམ་མང་མཉམ་འགུལ་གྱི་སྒྲོམ་གཞི་ཆགས་པར་བྱས་ཡོད། འཐབ་ས་བསྐྲུན་པའི་ཐད་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ས་ཚིགས་བཅས་ཕྱོགས་གསུམ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ལས་སྟེགས་བསྐྲུན་ནས་མང་ཚོགས་ལ་གཅིག་འཐུས་རྣམ་པའི་འདུམ་འགྲིག་ཞབས་ཞུ་མཁོ་འདོན་བྱས་ཡོད། ལམ་སྲོལ་འགན་སྲུང་ཐད་མི་དམངས་འདུམ་འགྲིག་ལས་དོན་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “འདུམ་འགྲིག་པ་ཡག་ཤོས”དཔྱད་བསྡུར་དང་བྱ་དགའི་ལམ་སྲོལ་ལག་བསྟར་བྱེད་པ། “3+X”མཉམ་འབྲེལ་འདུམ་འགྲིག་འཁོར་སྐྱོད་སོགས་ལེ་ལག་ཚང་བའི་ལམ་ལུགས་ཁག་8འཐུས་སྒོ་ཚང་དུ་བཏང་ནས་འདུམ་འགྲིག་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ནུས་ཆེ་ཅན་བཅས་ཡོང་བའི་འགན་ལེན་བྱས་ཡོད།

    “གསར་གཏོད་གཉིས”ཀྱི་སྒུལ་ཤུགས་ཆེ་རུ་བཏང་ནས་ཐབས་ལམ་གསར་གཏོད་བྱས་ཤིང་། དཔལ་འབྱོར་གླིང་གྲོང་རྡལ་གྱིས་འདུ་ཤེས་གསར་གཏོད་དང་རྣམ་པ་གསར་གཏོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད། འདུ་ཤེས་གསར་གཏོད་ཐད་དྲིལ་བསྒྲགས་དང་། གྲལ་བཤེར། འཚམས་འདྲི་བཅས་ཕྱོགས་གསུམ་གྱི་ལས་ཀའི་འདུ་ཤེས་བཙུགས་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཟླ་བ་3པ་དང་། ཟླ་བ་6པ། ཟླ་བ་9པ་བཅས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་འགག་རྩའི་མཚམས་ཚིཌ་ཁོང་དུ་ཆུད་པར་བྱེད་པ་དང“རིགས་གཅིག་མཁས་ཅན་གདན་དྲངས་ནས་འཆད་ཁྲིད་དང་ལས་བྱེད་པ་གཤམ་དུ་བསྐྱོད་དེ་སྒྲོག་འགྲེལ་བྱ་རྒྱུ”ཟུང་འབྲེལ་བྱེད་སྟངས་སྤྱད་དེ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཐེངས་40ལྷག་ཙམ་བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་4000ལྷག་ཙམ་བཀྲམ་པ། གྲལ་བཤེར་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ། སྐས་རིམ་གྲལ་བཤེར་དང་དེ་སེལ་བའི་འགན་འཁྲིའི་མ་ལག་འཛུགས་པ། ཕྱོཌ་བསྡུས་བཅོས་སྐྱོང་ལྟེ་གནས་དང་། མངགས་གཏོང་ཁང་། ཁྲིམས་འཛིན་སུའོ་བཅས“སྐས་རིམ་དང་པོའི”མགྱོཌ་མྱུར་དང་ལེན་བྱེད་ཐབས་ཁ་གསལ་བཟོ་བ་དང་། གྲོང་རྡལ་སྲིད་གཞུང་དང་སྲིད་འཛིན་ལས་ཁུངས་ཀྱི“སྐས་རིམ་གཉིས་པ”མཐུན་སྦྱོར་ཐག་གཅོད་བྱེད་པ། ཁྲིམས་ཁང་དང་། ཁྲིམས་འཛིན་ཅུས། ཡིག་འབུལ་ཞུ་བཅར་ཅུས་བཅས་ཀྱི“སྐས་རིམ་གསུམ་པའི”ཐ་སྐྱོང་འགན་ལེན་བྱེད་པ། དུད་ཚང་དུ་འཚམས་འདྲི་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་ཡོངས་ལ་ཁྱབ་པའི་འཚམས་འདྲི་བརྟག་ཞིབ་རེས་སྐོར་12བྱས་པ་དང་ཐོན་བཟོ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་8འཚོལ་བསྡུ་ཐག་གཅོད་བྱས་པ་རེད།

    “ཤུགས་སྣོན་གསུམ”ལ་བརྟེན་ནས་རྨང་གཞི་བརྟན་དུ་བཏང་བས་ཕན་འབྲས་མངོན་ཞིང་། དཔལ་འབྱོར་གླིང་གྲོང་རྡལ་གྱིས་རྨང་གཞིའི་འདེགས་སྐྱོར་ཆེན་པོ་གསུམ་ལ་ཤུགས་སྣོན་བརྒྱབ་པ་དང་། དེའང་འགན་འཁྲི་དོན་འཁྱོལ་ཐད་གྲོང་རྡལ་ཏང་ཨུད་ཀྱི་ཚོགས་འདུའི་ཐོག་ཆེད་དོན་བཀོད་སྒྲིག་དང་དངོས་གཞིའི་ཡིག་ཆ་བཀྲམ་ནས་འདུམ་འགྲིག་ལས་ཀའི་འགན་འཁྲི་རིམ་པ་བཞིན་ནན་དུ་བཏང་བ་དང་། བཀོད་གཏོང་ལ་སྐུལ་འདེད་དང་། ལྟ་སྐུལ་ཞིབ་བཤེར། དཔྱད་ཞིབ་འགན་འཁྲི་བདའ་འདེད་བཅས་ཀྱི་གདུབ་ཟུམ་དོ་དམ་ལམ་སྲོལ་ལག་བསྟར་བྱས་ནས་འགན་འཁྲིའི་འབྲེལ་ཐག་རིམ་པ་བཞིན་བརྒྱུད་སྤྲོད་བྱས་ཡོད། དཔུང་ཁག་ཞུན་བརྡར་ཐད“རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་དང་། རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ལ་སྐྱོད་པ། ལས་བྱེད་པ་བཀོད་སྒྲིག་བྱས་ནས་གཤམ་སྐྱོད་སྦྱོང་བརྡར”བཅས་ཀྱི་རིམ་གསུམ་རྣམ་པའི་གསོ་སྐྱོང་ཐབས་ལམ་སྤྱད་ཡོད། སྟོབས་ཤུགས་བསྡུ་སྒྲིལ་ཐད“རྒན་རྒོན་གསུམ”གྱི་ཚོགས་སྤྱིའི་སྤྱི་ཚོགས་ཀྱི་སྙན་གྲགས་དང་འདུམ་འགྲིག་བློ་གྲོས་ཧུར་ཐག་སྔོག་འདོན་དང་ཁོང་ཚོ་འདུམ་འགྲིག་དཔུང་ཁག་ལ་བཅུག་ནས་འགག་རྩའི་ནུས་པ་འདོན་དུ་བཅུག་པ་དང་། འདུམ་འགྲིག་ལས་དོན་དེ་ས་བབ་མཐོ་བའི་ས་ཁུལ་དུ་མུ་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།