ཀྲེ་ཅང་དང་ལེའོ་ཉིང་གི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས།
ཡངས་པའི་བྱང་ཐང་ས་གཞི་རུ། བོད་སྐྱོར་གཏམ་རྒྱུད་སྙན་མོ་བརྩམས།
ཀྲེ་ཅང་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་གསེར་སྟེང་ཁ་གྲོང་ཚོའི་རྣམ་པ་ཡིན་པ།
ས་གནས་དེ་གའི་ཕྲུ་གུ་ཚོས་ཀྲེ་ཅང་གིས་རོགས་སྐྲུན་བྱས་པའི“དྲོ་སྐྱིད་ལྡན་པའི་ལྷ་རི། གསེར་རྙེད་གྲོང་གི་དཔེ་ཁང”ཞེས་པའི་བྱིས་པའི་དཔེ་ཀློག་ཁུལ་དུ་དཔེ་ཀློག་གི་སྤྲོ་སྣང་ཉམས་སུ་མྱོང་བཞིན་པ།
ཀྲེ་ཅང་ནུས་རྒྱུ་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་རི་འཚམས་ཁང་ཀྲའོ་ཝ་50ཡི་འོད་ཤུགས་ནུས་གསོག་རྣམ་གྲངས་ཡིན་པ། (པར་འདི་དག་ནི་ལེའོ་ཉིང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་མཁོ་འདོན་བྱས)
2022ལོའི་ཟླ་བ་7པ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་དང་ལེའོ་ཉིང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ནག་ཆུ་གྲོང་ཁྱེར་དུ་རྩ་བ་ཚུགས་ནས་མི་རིགས་མཐུན་སྒྲིལ་དང་། ཐོན་ལས་དར་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཀྱི་ལས་དོན་སེམས་ནུས་ཡོད་རྒུས་བསྒྲུབས་ཏེ། འབྲི་ཆུའི་ལྷོ་རྒྱུད་ཀྱི་སྐྱེ་སྟོབས་དཔལ་འབར་བ་དང་བྱང་ཤར་གྱི་ཞུམ་མེད་བློ་སྟོབས་ལ་བརྟེན་ནས། ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་འཁོར་ནང་མི་སེམས་འགུལ་བའི་དུས་རབས་གསར་པའི“རི་ཀླུང་བརྒལ་བའི་བརྩེ་བ་ཟབ་མོ”མཉམ་དུ་བཏོད་ཡོད།
ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་པར་བྱས་པ།
གྲངས་གཞི་རེ་རེ་ལས་ས་གནས་གཉིས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་མོ་ཡོད་པར་བདེན་དཔང་བྱས་ཡོད། ལེའོ་ཉིང་བོད་སྐྱོར་གྱིས་ལེའོ་ཉིང་དང་ནག་ཆུ་ཕྱོགས་གཉིས་པོའི་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ། ཁེ་ལས། གྲོང་ཚོ་དང་གྲོང་ལྷན་སོགས་35དང་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། ལེའོ་ཉིང་དང་ནག་ཆུ་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་2000གིས་འཕྲིན་ཡིག་བརྒྱུད“ལག་གདང་སྦྲེལ་བའི”ཆ་སྒྲིག་པ། ནག་ཆུ་གྲོང་ཁྱེར་གྱི་རྫོང་རིམ་པ་དང་ཁོའོ་རིམ་པའི་ཁག་དང་པོའི་འགོ་ཁྲིད་ལས་བྱེད་པ་29ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་དུས་ཡུན་ཟླ་བ་དྲུག་གནས་སྦྱར་དུ་བསྐྱོད་རྒྱུའི་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་པ། ལོ་གསུམ་བསྟུད་མར་ནག་ཆུའི་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ནས་ལེའོ་ཉིང་དུ་བསྐྱོད་དེ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་ལེ་ཚན་ཕབ་ལེན་བྱས་པ། དུས་ཐུང་གི་བོད་སྐྱོར་ཤེས་ལྡན་པ་36གདན་ཞུ་བྱེད་རོགས་བྱས་པ། ལས་སྒོ་གསར་པ་དང་ལག་རྩལ་གསར་པ་ཁག་81ཁྱབ་གདལ་བཏང་བ། ལེའོ་ཉིང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་49བོད་དུ་ཡོང་ནས་སློབ་ཚན་ཐེངས་79ཁྲིད་པར་མཐུན་སྦྱོར་བྱས་པ། “ལེའོ་ཉིང་དུ་ཡོད་པའི་ནག་ཆུ་བ”དང“ནག་ཆུར་ཡོད་པའི་ལེའོ་ཉིང་བ”ཞེས་པའི་བཅར་འདྲི་དང་གསར་འགྱུར་རབ་དང་རིམ་པ་གཏོང་སྤེལ་བྱས་ནས་ལེའོ་ཉིང་དང་ནག་ཆུ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་ཟབ་ཏུ་བཏང་བ་སོགས་རེད།
ཀྲེ་ཅང་དང་ནག་ཆུའི་དབར། མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་ཅིང་། ཀྲེ་ཅང་བོད་སྐྱོར་གྱིས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་ཀའི་ཁྱབ་རྒྱ་དང་ཕན་འབྲས་ཆེ་རུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.1ལྷག་ཙམ་བཏང་ནས་འབྲེལ་ཡོད་རྣམ་གྲངས་ཁག་197ལག་བསྟར་བྱས་པ་དང་། “ཀྲེ་ཅང་གི་སེ་འབྲུ་དམར་པོ”ཞེས་པའི་དབྱར་སྒར་དང“ཀྲེ་ཅང་དང་ནག་ཆུའི་སེ་འབྲུ་དམར་པོ། ལེ་དབར་ཁྲི་ཡི་སར་ཚན་རིག་ཁྱབ་གདལ་གཏོང་བ”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། འབྲེལ་ཡོད་བྱེད་སྒོར་གཞོན་ནུ་ལོ་ཆུང་985ཞུགས་པ་དང་། ལྷག་པར་དུ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་སུ“མཆོང་འཕེལ་འཆར་གཞི”དང“གཞོན་ནུ་ལོ་ཆུང་དང་བླངས་པའི་བྱ་སྤྱོད”སོགས་སྤེལ་ནས་ནག་ཆུའི་གཞོན་ནུ་ལོ་ཆུང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་སུ་བཅུག་ཡོད།
ལས་ཞུགས་ནི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འབྲེལ་ཟམ་གཞན་ཞིག་རེད།
“ཀྲེ་ཅང་ཐའེ་ཀྲོའུ་རུ་ལས་ཀར་ཕྱིན་རྗེས་མིག་རྒྱང་ཡངས་སུ་ཕྱིན་པ་མ་ཟད། འདུ་ཤེས་ལའང་འགྱུར་ལྡོག་ཕྱིན་ནས་རང་ཡུལ་དུ་སླེབས་པའི་སྣང་བ་ཡོང་གི་འདུག ལྷག་པར་དུ་བསམ་ཡུལ་ལས་འདས་པ་ཞིག་ལ་ལས་ཞུགས་སྡེ་ཚན་གྱིས་ང་ཚོ་བོད་དུ་དབྱར་རྩྭ་དགུན་འབུ་འཐུ་བར་ལོག་ན་དགོངས་པ་སྟེར་ཆོག་ཟེར་བ་དེར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཐེམ་ཁུངས་ལྷ་རི་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བསོད་ནམས་རྒྱ་མཚོས་གསར་འགོད་པར་བཤད་པ་དང་། ཁོང་གིས“བུ་རྫི་རྣམ་པའི”ལས་ཞུགས་ཞབས་ཞུར་ངའི་ཕ་མ་གཉིས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་ཆེན་པོ་གནང་བྱུང་ལ། རང་ཉིད་ཐའེ་ཀྲོའུ་རུ་ཡུན་རིང་ལས་ཀ་བྱེད་པའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང”ཞེས་བཤད།
ཀྲེ་ཅང་བོད་སྐྱོར་གྱིས་ལྗོངས་ཡོངས་སུ་ལྗོངས་ཕྱིར“ཚོགས་སྒྲིག”ལས་ཞུགས་བྱེད་སྟངས་ཐོག་མར་གསར་གཏོད་བྱས་ཏེ། སྔ་རྗེས་སུ་ཐེམ་ཁུངས་ལྷ་རི་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁག་4ཐའེ་ཀྲོའུ་རུ་ལས་ཀར་ཞུགས་པར་སྒྲིག་འཛུགས་བྱས་ཤིང་། མིག་སྔར་མི་37ལས་ཞུགས་བརྟན་པོ་ཐུབ་ཡོད། དེ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་ལྗོངས་ཕྱིར་ལས་ཞུགས་བྱེད་སྟངས་གསར་པ་བཏོད་དེ་ལས་མི་བསྡུ་བའི་འདུ་ཚོགས་གཉེར་བ་སོགས་ཀྱི་བྱ་ཐབས་བརྒྱུད། ལོ་གསུམ་རིང་ཐེམ་ཁུངས་ནག་ཆུ་ནས་ཡིན་པའི་ཤེས་ལྡན་པ་236ཀྲེ་ཅང་དུ་ལས་ཞུགས་ཐུབ་ཡོད།
ལེའོ་ཉིང་བོད་སྐྱོར་གྱིས་ལས་ཞུགས་བོད་སྐྱོར་གྱི་ཞབས་ཞུ་ལེགས་སུ་བཏང་བ་བརྒྱུད། ལོ་གསུམ་རིང་། ཐེམ་ཁུངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་60ལེའོ་ཉིང་ཞིང་ཆེན་གྱི་གཞུང་ལས་པ་དང་། སློབ་མ་102བྱ་གཞག་ཚན་པ། སློབ་མ་59ཁེ་ལས་ཀྱི་ལས་བཟོ་བཅས་སུ་རྒྱུགས་འཕྲོད་པ་དང་། ལེའོ་ཉིང་ནུས་རྒྱུ་མ་འཇོག(ཚོགས་པ)འགན་འཁྲི་ཚད་ཡོད་ཀུང་སིས་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་རྟེན་གཞི་འཛུགས་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།