དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-24

    སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་7ཚེས་20ཉིན་བར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ཟིན་ཏེ་ལས་དོན་སྒྲུབ་འགོ་ཚུགས་པ། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་པེ་ཅིང་དང་། ཐེན་ཅིན། ལེའོ་ཉིང་། ཧེ་ལུང་ཅང་། ཧྲང་ཧའེ། ཅང་སུའུ། ཧྥུའུ་ཅན། ཧྲན་ཏུང་། ཀོང་ཏུང་། ཀོང་ཤིས། ཁྲུང་ཆིང་། ཀུའེ་ཀྲོའུ། བོད་ལྗོངས། ཧྲའན་ཤིས། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)16ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་མ་ཟད། འབྲེལ་ཡོད་ཞིང་ཨུད་ཀྱི་སྐོར་ཞིབ་སྒྲིག་གཞི་དང་མཉམ་དུ་ཧྲེན་དབྱང་དང་། ཏ་ལེན། ཧར་པིན། ནན་ཅིང་། ཞ་མོན། ཅི་ནན། ཆིང་ཏའོ། ཀོང་ཀྲོའུ། ཧྲེན་ཀྲེན། ཤིས་ཨན་བཅས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་10ལ་མཉམ་འགུལ་སྐོར་ཞིབ་བྱ་རྒྱུ་རེད།

    སྐོར་ཞིབ་བྱ་ཡུལ་གྱི་ས་གནས་སོ་སོར་སྐོར་ཞིབ་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གསུང་བཤད་གནང་ནས་སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐོར་ཞིབ་ལས་དོན་ཏན་ཏིག་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།

    ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་བརྗོད་དོན། སྐོར་ཞིབ་ནི་ཏང་ཕྱོགས་ཡོངས་ནས་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན་པས། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། དར་ཆ་གསལ་སྟོན་གྱིས“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་ལ་བརྩི་བ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། གནད་དོན་གྱི་འཛིན་ཕྱོགས་དང་ནན་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། བརྒྱུད་རིམ་གྱི་ལྟ་བ་དང་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་འདོན་རྒྱུ་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་དང་། དེ་བཞིན་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་གཞིར་བཟུང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་གནད་ལ་འཁེལ་བ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།

    ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་བླང་བྱ་བཏོན་དོན། ཆབ་སྲིད་སྐོར་ཞིབ་ཀྱི་ལྟ་སྐུལ་གྱི་གཙོ་གནད་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཏང་ཀྲུང་དབྱང་གི་སྐོར་ཞིབ་བྱ་ཡུལ་ས་གནས་ཀྱི་བྱེད་ནུས་ངེས་གནས་དང་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཤེས་རྟོགས་དང་ལག་བསྟར་གཏིང་ཟབ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་བཀོད་སྒྲིག་སྔར་བས་དོན་འཁྱོལ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ། འགོ་ཁྲིད་ཚན་ཁག་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། དེ་བཞིན་སྐོར་ཞིབ་བཅོས་སྒྲིག་གནས་ཚུལ་བཅས་ལ་ཤུགས་སྣོན། དབང་ཆ་དང་འགན་འཁྲིར་དམ་པོར་དམིགས་པ། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་དམ་པོར་དམིགས་པ། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་ལ་དམ་པོར་དམིགས་པ། ཆབ་སྲིད་ཀྱི་ཡོ་ཁྱད་ནུས་ཤུགས་ཡོད་རྒུས་འཚོལ་བ་བཅས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་དང་། གནད་དོན་གཅིག་མཚུངས་ལ་ལན་མཉམ་དུ་འདེབས་པར་མཐོང་ཆེན། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་དམ་ནན་བཅས་བྱས་ནས་སྐོར་ཞིབ་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས།

    སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས། སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ། རང་འགུལ་ངང་སྐོར་ཞིབ་ལ་གཞོགས་འདེགས་བྱེད་པ། བཅོས་སྒྲིག་ལ་དམ་འཛིན་ནན་ཏན་བྱེད་པ། སྐོར་ཞིབ་གོ་སྐབས་སུ་བརྩིས་ནས་ཏང་ཀྲུང་དབྱང་གིས་དཀྲིས་པའི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པར་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཁག་གིས་སྐོར་ཞིབ་བྱ་ཡུལ་ས་གནས་སུ་ལས་ཀ་ཟླ་བ་གཉིས་དང་ཟླ་ཕྱེད་ཙམ་བྱ་རྒྱུ་ཡིན་པ་དང་། དེའི་རིང་ཆེད་མངགས་སྡོད་བྱའི་ཁ་པར་དང་སྦྲག་སྒམ་བཙུགས་ནས་གཙོ་བོ་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ལས་གནས་གཙོ་བོའི་མི་སྣ་བཅས་ཀྱི་གནད་དོན་མཚོན་པའི་ཡི་གེ་དང་། ཁ་པར། ཞུ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ཡིན་པ་དང་། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་སྐོར་གྱི་ཐེར་འདོན་དང་གོང་ཞུ་བྱ་རྒྱུ་ཡིན་པ་རེད། སྐོར་ཞིབ་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་མཚམས་འཇོག་པའི་དུས་ཚོད་ནི་2025ལོའི་ཟླ་9ཚེས་23ཉིན་བར་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།