ཀྲེ་ཅང་ཉིང་པོའི་ཤང་ཧྲན་བྱ་རིགས་ལྟ་ཞིབ་ཚད་ལེན་གྱི་དང་བླངས་པས།
“ལྷ་བྱར”སོས་དལ་གྱི་ཁྱིམ་གཞིས་ཤིག་བསྐྲུན་པ།
རབ་ཏུ་ཚ་བའི་ཉི་འོད་འོག་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཤང་ཧྲན་རྫོང་ཅིའུ་ཧྲན་ལེ་ཏའོ་ཀྲུང་ཐེ་ཏུན་གླིང་ཕྲན་གྱི་བྱ་རིགས་ལྟ་སར་དང་བླངས་པ་ཀྲའོ་ཙི་གཡན་གྱིས་ལག་ཐོགས་ཁ་པར་ཁྱེར་ནས་བློ་རྩེ་གཅིག་སྒྲིམ་གྱིས་པར་རྒྱག་བཞིན་འདུག
བརྙན་ཤེལ་མདུན་དུ་བྱ་ཚོགས་ཕར་ཕུར་ཚུར་ཕུར་བྱས་ནས་རླབས་རྒྱུན་ཁྲོད་ཟས་འཚོལ་བཞིན་ཡོད།
འདི་ནི་ཆུ་བྱ་དཀར་མོའི་ཚོགས་ཡིན་པ་དང་དེ་དག་ལ་ངོ་དབྱིབས་མི་འདྲ་བ་འགའ་ཤས་ཡོད་པ་སྟེ། གཞི་ནག་ལ་མཆུ་ཏོ་རྣོ་པོ་དང་མགོ་རྩེའི་སྤུ་ཟིང་བས“རྒྱ་བྱ”དང་འདྲ་པོ་ཡོད།
དང་བླངས་པ་ཀྲའོ་ཙི་གཡན་གྱིས་པར་ཆས་ཀྱི་མཐེབ་གནོན་མནན་ནས་པར་བླངས། “འདི་ནི་ང་ཚོས་པར་དུ་ལེན་དགོས་པའི་ཀྲུང་ཧྭའི་ཆུ་བྱ་དཀར་མོ་ཡིན་ཞིང‘ལྷ་བྱ’ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད”
མིག་སྔར་ཀྲུང་ཧྭའི་ཆུ་བྱ་དཀར་མོའི་ཁྱུ་ཚོགས་ཀྱི་གྲངས་འབོར་200ཙམ་ལས་མེད་པ་ནི་གོ་ལ་ཧྲིལ་པོར་ཆེས་རྩ་ཆེ་ལ་དཀོན་པའི་བྱ་རིགས་ཀྱི་གྲས་ཤིག་ཡིན་པ་དང་། ཁོ་ཚོ་རྟག་ཏུ་ཆུ་བྱ་དཀར་མོ་ཆེ་བའི་ཁྱུ་ཚོགས་ཁྲོད་སྐྱེ་འཕེལ་བྱེད་ཀྱི་ཡོད།
ཀྲུང་ཐེ་ཏུན་གླིང་ཕྲན་དང་བར་ཐག་སྨི་500ཙམ་ཆོད་པའི་ཅི་ཀུའུ་རི་བོའི་གླིང་ཕྲན་ཐོག་སྟབས་བདེའི་ས་ཕག་ཁང་པ་ཞིག་ཡོད་པ་དང་། དང་བླངས་པ་ཚོས་དེ་གར་བསྡད་དེ་ཀྲུང་ཧྭའི་ཆུ་བྱ་དཀར་མོར་དུས་ཐོག་ཏུ་ལྟ་ཞིབ་བྱེད་ཀྱི་ཡོད།
ཀྲུང་ཧྭའི་ཆུ་བྱ་དཀར་མོའི་ལྟ་ཞིབ་ཚད་ལེན་ལས་དོན་གྱི་དང་བླངས་པ་2017ལོ་ནས་ཡོངས་བསྒྲགས་ངང་བསྡུ་འགོ་ཚུགས་པ་དང་ལོ་ལྟར་ཁག་གཉིས་ལ་མི་4བསྡུ་གི་ཡོད། དང་བླངས་པས་ཆུ་བྱ་དཀར་མོ་གླིང་ཕྲན་ཐོག་སླེབས་རྗེས་ཟླ་བོ་འཚོལ་བ་དང་། སྒོ་ང་གཏོང་བ། བྱ་ཕྲུག་གསོ་བ། གླིང་ཕྲན་ནས་བྲལ་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་ཚད་ལེན་བྱེད་དགོས་ཀྱི་ཡོད།
ཀྲུང་ཧྭའི་ཆུ་བྱ་དཀར་མོ་སྐབས་ཤིག་རིང་རྩ་སྟོངས་སུ་སོང་བའི་ངོས་འཛིན་བྱས་མོད། འོན་ཀྱང་ཅིའུ་ཧྲན་ལེ་ཏའོ་རུ་དེའི་རྗེས་ཤུལ་ཐེངས་མང་མཐོང་བ་དང་ཕྱིས་སུ་མིས་གནོད་སྐྱོན་གཏོང་བ་དང་རྒྱ་མཚོའི་རླུང་འཚུབ་ཀྱིས་རྐྱེན་པས་མེད་པར་གྱུར། 2013ལོ་ནས་བཟུང་ཀྲེ་ཅང་ཤང་ཧྲན་ཅིའུ་ཧྲན་ལེ་ཏའོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཀྲེ་ཅང་རང་བྱུང་རྟེན་མཛོད་གླིང་དང་ཨ་རིའི་ཨེ་ལེ་ཀང་ཀྲོའུ་འཛུགས་སློབ་ཆེན་དང་མཉམ་དུ་ཀྲུང་ཧྭའི་ཆུ་བྱ་དཀར་མོ་འགུགས་པ་དང་སླར་གསོའི་འཆར་གཞི་སྤེལ་འགོ་བཙུགས།
ལོ་དེར་ཏིང་ཕུང་སློབ་ཆེན་ནས་མཐར་ཕྱིན་ཏེ་སྲུང་སྐྱོང་ཁུལ་དུ་སླེབས་མ་ཐག་དཀའ་ཚེགས་ཆེ་བའི་གླིང་སྲུང་ལས་ལ་ཞུགས་འགོ་ཚུགས། “ད་ཆ་རང་ཉིད་ཚུད་པའི་གླིང་ཕྲན་དུ་ལས་ཀ་བྱེད་མྱོང་བའི་ལྟ་ཞིབ་ཚད་ལེན་དང་བླངས་པ་39ཡོད། དེ་གར་དུས་བཀག་ཐོག་དང་བླངས་པ་སྒྲིག་འཛུགས་བྱས་ནས་གླིང་ཕྲན་དུ་གད་སྙིགས་གཙང་སེལ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད”ཅེས་ཏིང་ཕུང་གིས་བཤད།
གླིང་ཕྲན་ཐོག་ཀྲུང་ཧྭའི་ཆུ་བྱ་དཀར་མོའི་ཁྱུ་ཚོགས་རིམ་བཞིན་སྟོབས་ཆེར་འགྲོ་བཞིན་ཡོད་པ་དང་། འབོད་འགུགས་བྱས་པའི་བྱ་རིགས་ཀྱི་གྲངས་འབོར་ལོ་དང་པོའི་19ནས་2024ལོའི་109བར་འཕར་ཡོད། རིམ་རྩིས་བརྒྱབ་ན། 2024ལོར་སྲུང་སྐྱོང་ཁུལ་དུ་ཀྲུང་ཧྭའི་ཆུ་བྱ་དཀར་མོའི་བྱ་ཕྲུག་209སྐྱེས་པ་དེས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་80%ཡན་བཟུང་ཡོད།
འབྲེལ་ཡོད་གསར་འགྱུར།