དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་འཁོར་སྐྱོད་ལམ་ཐག་སྤྱི་ལེ་ཁྲི་1.1ཙམ་ཟིན་པ།

    འཛམ་གླིང་གི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-24

    ཉེ་ཆར། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་ལྕགས་ལམ་འགྲིམ་འགྲུལ་དང་། རྒྱུན་གཏན་གྱི་སྤྱི་སྤྱོད་འགྲིམ་འགྲུལ། དལ་སྐྱོད་འགྲིམ་འགྲུལ་དྲ་རྒྱ་བཅས་མཉམ་འདྲེས་འཕེལ་རྒྱས་བྱུང་ནས་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་འཁོར་སྐྱོད་ལམ་ཐག་སྤྱི་ལེ་ཁྲི་1.1ཙམ་ཟིན་ཏེ་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་175ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་48.5%དང་18.3%སོ་སོར་འཕར་ཡོད། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་འཁོར་སྐྱོད་ལམ་ཐག་དང་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་སོགས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ཁག་དྲུག་2024ལོར་སྔ་སྣུར་དུ་ལེགས་གྲུབ་ཟིན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པ”ཚུན། སྣ་མང་ཅན་གྱི་སྤྱི་པའི་འགྲིམ་འགྲུལ་སྔར་བས་དར་རྒྱས་བྱུང་ནས་རྒྱ་ཆེའི་མང་ཚོགས་ཚོ་འགྲོ་སྐྱོད་ཐད་འགན་སྲུང་ནུས་ལྡན་ཐུབ་ཡོད། མིག་སྔར། རང་རྒྱལ་དུ་ཉིན་ལྟར་མི་ཐེངས་དུང་ཕྱུར་1ཙམ་ལྕགས་ལམ་འགྲིམ་འགྲུལ་བསྡད་དེ་གང་སར་འགྲོ་སྐྱོད་བྱེད་པ་དང་། མི་ཐེངས་དུང་ཕྱུར་1སྤྱི་སྤྱོད་རླངས་འཁོར་བསྡད་དེ་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་པ། མི་ཐེངས་དུང་ཕྱུར་1གླ་འཁོར་དང་དྲ་འབོད་གླ་འཁོར་བསྡད་དེ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། “མི་ཐེངས་དུང་ཕྱུར་1”འདི་གསུམ་པོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཐེག་ནུས་དང་མཉེན་གཤིས་གསོན་ཤུགས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།  པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་དུ་ལྟེ་བའི་ཁུལ་གྱི་ཆུ་ཚོད་གཅིག་གི་ལས་ལམ་འཁོར་ཁོངས་དང་ཁྱིམ་མཚེས་གྲོང་ཁྱེར་དབར་གྱི་ཆུ་ཚོད་1.5ཡི་འགྲིམ་འགྲུལ་འཁོར་རྒྱ་མངོན་འགྱུར་བྱེད་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་དུ་ཉིན་ལྟར་ཤུགས་འགྲེམས་མེ་འཁོར་2400གཏོང་ཐུབ་ནས་སྤྱི་སྤྱོད་ཅན་གྱི་འཁོར་སྐྱོད་མངོན་འགྱུར་ཐུབ་ཡོད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ལྕགས་ལམ་འགྲིམ་འགྲུལ་རྣམ་པ་སྣ་ཚོགས་མཉམ་འདྲེས་མགྱོགས་མྱུར་ཐུབ་ནས་ཆུ་ཚོད་གཅིག་གི་འཚོ་བའི་འཁོར་རྒྱ་དེ་རེ་འདུན་ནས་དོན་དངོས་སུ་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།