ཟླ་བ་དྲུག་པའི་བར་རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་མི་དུང་ཕྱུར་11.23ཟིན་པ།
མཉམ་འབྲེལ་དྲ་རྒྱ་ཁྱབ་གདལ་གཏོང་ཚད་79.7%ཟིན་པ།
ཀྲུང་གོ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་ཟླ་7ཚེས་21ཉིན་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་གནས་ཚུལ་བསྡོམས་རྩིས་སྙན་ཞུ》ཐེངས་ང་དྲུག་པ་ལས་མངོན་པར། ད་ལོའི་ཟླ་བ་6པའི་བར་རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་མི་དུང་ཕྱུར་11.23ཟིན་པ་དང་། མཉམ་འབྲེལ་དྲ་རྒྱ་ཁྱབ་གདལ་གཏོང་ཚད་79.7%ཟིན་པས། ཚོགས་སྤྱི་དེ་བས་མང་བས་གྲངས་འཛིན་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་བཞིན་ཡོད་པ་རེད།
མཉམ་འབྲེལ་དྲ་རྒྱའི་ཀུན་ཕན་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཟླ་བ་6པའི་བར་རང་རྒྱལ་གྱི་ལོ་60ཡན་གྱི་དྲ་དམངས་ཀྱི་གཞི་ཁྱོན་མི་དུང་ཕྱུར་1.61ཟིན་པ་དང་རྒན་རྒོན་ཚོགས་སྤྱིར་མཉམ་འབྲེལ་དྲ་རྒྱ་ཁྱབ་གདལ་གཏོང་ཚད་52.0%ཟིན་པ་དང་། རང་རྒྱལ་གྱི་གྲོང་གསེབ་ཀྱི་དྲ་དམངས་ཀྱི་གཞི་ཁྱོན་མི་དུང་ཕྱུར་3.22ཟིན་པ་དང་གྲོང་གསེབ་ས་ཁུལ་དུ་མཉམ་འབྲེལ་དྲ་རྒྱ་ཁྱབ་གདལ་གཏོང་ཚད་69.2%ཟིན་པ་དེ་2024ལོའི་ཟླ་12པ་ལས་བརྒྱ་ཆའི་གྲངས་1.9འཕར་ནས་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།
ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་བརྟན་དུ་རྒྱུན་མཐུད་སོང་ཞིང་། ཟླ་བ་6པའི་བར་རང་རྒྱལ་གྱི་ཁོངས་མིང་བསྡོམས་འབོར་ཁྲི་3262ཟིན་པ་དེའི་ནང་རྒྱལ་ཁབ་ཀྱི་རྩེ་རིམ་དྲ་མིང“.CN”ཡི་གྲངས་འབོར་ཁྲི་2085ཟིན་ཡོད། ད་ལོ་ནི་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་ལག་བསྟར་བྱས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ཟླ་བ་6པའི་ཟླ་མཇུག་བར་རང་རྒྱལ་གྱི་5Gསྦྲེལ་ཚུགས་བསྡོམས་འབོར་ཁྲི་455ཟིན་པ་དང་། ལོ་10ཡི་རིང“གྲོང་ཚོ་ཚང་མར་དྲ་ཆེན་ཁྲིད་པ་དང་། ཤང་ཚང་མར་5Gཡོད་པར”སྐུལ་འདེད་བཏང་ནས་སྲིད་འཛིན་གྲོང་ཚོར་5Gཡོད་པའི་བསྡུར་ཚད་90%ལས་བརྒལ་ཡོད། སྒུལ་བདེའི་སྤྱོད་མཁན་གྱི་དྲ་ཞུགས་རྒྱུག་འབོར་བསྟུད་མར་ཟླ་བ་དྲུག་རིང་གྲངས་གནས་གཉིས་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།