ཀྲེ་ཅང་ཡུས་ཧོན་གྱི་འོད་ཤུགས་ཐོན་རྫས་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།
ཉེ་བའི་ལོ་ཤས་རིང་། ཡུས་ཧོན་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་གཏོང་དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་ཁེ་ལས་བརྟན་པོ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱས་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་། ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་ཡོད།
འདི་ནི་ཀྲེ་ཅང་ཞིང་ཆེན་ཡུས་ཧོན་གྲོང་ཁྱེར་ཆིང་ཀང་གྲོང་རྡལ་དུ་གནས་པའི་ཀྲེ་ཅང་ཧྲང་པོ་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་མིས་ཡོ་རོབ་དང་། ལྷོ་ཨ་ཧྥེ་རི་ཁ། པར་ཙིར་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཕྱིར་གཏོང་བྱེད་གྲབས་ཡོད་པའི་འོད་ཤུགས་ཐོན་རྫས་བཟོ་བར་བྲེལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།