དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཟེར་བྷེ་ཇན་གྱི་མཚན་ཉིད་རིག་པ་མཁས་པའི་བརྩམས་ཆོས《ཁྱེད་ཀྱིས་རྒྱུས་མངའ་མི་ལོན་པའི་ཁུང་ཙི》བསྐྱར་དུ་པར་སྐྲུན་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-24

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་བྷ་ཁུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨ་ཟེར་བྷེ་ཇན་གྱི་མཚན་ཉིད་རིག་པ་མཁས་པ་མུའུ་ཧྲེ་ཧྥེ་ཀེ·ཨོ་ཐེ་ཀེན་གྱིས་ཨ་ཟེར་བྷེ་ཇན་སྐད་ཡིག་ནས་བྲིས་པའི་བརྩམས་ཆོས《ཁྱེད་ཀྱིས་རྒྱུས་མངའ་མི་ལོན་པའི་ཁུང་ཙི》བསྐྱར་དུ་པར་སྐྲུན་གྱི་ཕུད་འགྲེམ་མཛད་སྒོ་ཨ་ཟེར་བྷེ་ཇན་གྱི་གྲོང་ཁྱེར་བྷ་ཁུའི་དཔེ་མཛོད་ལྟེ་གནས་སུ་འཚོགས་པ་རེད། ཨ་ཟེར་བྷེ་ཇན་རྒྱལ་ཁབ་ཀྱི་ཚན་རིག་ཁང་དང་། བྷ་ཁུའི་གཞུང་བཙུགས་སློབ་ཆེན། ཨ་ཟེར་བྷེ་ཇན་གྱི་རྩོམ་པ་པོའི་མཐུན་ཚོགས། དཔེ་དེབ་དཔེ་སྐྲུན་ལས་རིགས་བཅས་ཀྱི་འཐུས་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

    《ཁྱེད་ཀྱིས་རྒྱུས་མངའ་མི་ལོན་པའི་ཁུང་ཙི》2016ལོར་ཐོག་མར་པར་སྐྲུན་བྱས་པ་དང་། རྩོམ་པ་པོས་མཚན་ཉིད་རིག་པའི་རྟོག་བསམ་གྱི་ལྟ་ཚུལ་ནས་ཁུང་ཙིའི་བསམ་བློ་དང་གཏམ་བརྗོད་གཙོ་བོ་ངོ་སྤྲོད་དང་དེར་གསལ་འགྲེལ་གཏིང་ཟབ་བྱས་ཡོད།

    ཨ་ཟེར་བྷེ་ཇན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་མེ་ཡིས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་ཤིང་། ཁོང་གིས་དཔེ་དེབ་དེས་རྒྱ་ཆེའི་ཨ་ཟེར་བྷེ་ཇན་གྱི་ཀློག་པ་པོར་ཁུང་ཙིའི་མཚན་ཉིད་རིག་པའི་བསམ་བློ་ཤེས་རྟོགས་དང་ཀྲུང་ཧྭའི་རིག་གནས་ཤེས་ཚོར་བྱེད་པའི་སྐར་ཁུང་ཞིག་ཕྱེ་ཡོད། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣས་མཉམ་དུ་ཁུང་ཙིའི་མཚན་ཉིད་རིག་པའི་བསམ་བློར་གྲོས་བསྡུར་དང་ཤེས་དཔལ་གྱི་གླེང་མོལ་བྱས་ཤིང་། དེ་ནི་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད་ཅེས་བརྗོད།

    ཨ་ཟེར་བྷེ་ཇན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ལཱ་ཧྲ་ཏེ·མཱ་ཅི་ཏེ་ཡིས། མིག་སྔར་ཨ་ཟེར་བྷེ་ཇན་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་མཐོ་པོར་སླེབས་པ་དང་《ཁྱེད་ཀྱིས་རྒྱུས་མངའ་མི་ལོན་པའི་ཁུང་ཙི》བསྐྱར་དུ་པར་སྐྲུན་བྱས་པ་དེས་ཨ་ཟེར་བྷེ་ཇན་བས་ཀྲུང་གོ་དེ་བས་ཤེས་རྟོགས་ཡག་པོ་བྱེད་པར་ཕན་པ་ཡོད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།