དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་འཇུ་ལག་རྫོང་དུ་མེ་ཏོག་གི་ཟིལ་མངར་སྙེག་བཞིན་ཡོང་འབབ་གསོག་པའི་དུད་ཁྱིམ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཆི་ཀྲི་གཡོད།   |     སྤེལ་དུས།  2025-07-24

    འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་མེ་ཏོག་ཞིང་ནང་དུ་ཡོད་པའི་ཝུའུ་ཧྥེང་མིང་བཟའ་མི་བུ་ཕྲུག་ཡིན་པ།

    འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་ཝུའུ་ཧྥེང་མིང་ཁྱིམ་མི་གསུམ་པོས་དྲག་ཆར་མ་བབ་གོང་ཟེའུ་འབྲུའི་རྡུལ་ཕྱེ་བསྡུ་བཞིན་པ།

    ལོ་རེའི་ཟླ་7པར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་མུའུ་ཁྲི་ལྷག་ཙམ་ཟིན་པའི་པད་ཁའི་མེ་ཏོག་རིམ་བཞིན་བཞད་ནས་གསེར་གྱི་རྦ་རླབས་གཡོ་བ་ལྟ་བུའི་གསེབ་ཏུ་རྐང་དྲུག་བུང་བ་ཅི་དགར་རོལ། སི་ཁྲོན་ཁྲེང་ཏུའུ་ནས་ཡིན་པའི་སྦྲང་མ་གསོ་མཁན་ཝུའུ་ཧྥེང་མིང་བཟའ་མི་བུ་ཕྲུག་གསུམ་པོ་ཡང་སྔོན་ཆད་ལྟར་ཡུལ་ལུང་དེར་ཡོང་ནས་ས་མཐོའི“མེ་ཏོག་གི་ཟིལ་མངར་སྙེག་པ་དང་སྦྲང་མ་གསོ་བའི”ལས་ལ་གཞོལ་འགོ་ཚུགས།

    ད་ལོ་ལོ་44ལ་སླེབས་པའི་ཝུའུ་ཧྥེང་མིང་ནི“སྦྲང་མ་གསོ་མཁན་མི་རབས་གཉིས་པ”ཡིན་ཞིང་ད་བར་སྦྲང་མ་གསོས་ནས་ལོ་ཉི་ཤུ་ལྷག་ཙམ་སོང་། ལོ་ལྟར་ཁོང་དང་བཟའ་ཟླ་ལེའོ་ཁྲུན་རུང་གིས་འཚོ་བའི་མཁོ་ཆས་སྣ་ཚོགས་ཁྱེར་ནས་ཡུལ་གྲུ་སོ་སོར་མྱུལ་རྗེས་དབྱར་གཞུང་དུ་མཚོ་སྔོན་འཇུ་ལག་གི་སེར་ལམ་ལམ་གྱི་མེ་ཏོག་ཞིང་ཁམས་སུ་ཁྱིམ་གཞིས་འཛུགས་ཀྱི་ཡོད།

    སྦྲང་མའི་ཁྱུ་ཚོགས་གཉིད་ལས་མ་སད་གོང་། ཁྱིམ་མི་གསུམ་པོས་སྦྲང་སྒམ་ལ་ལྟ་བཤེར་དང་། ཟེའུ་འབྲུའི་རྡུལ་ཕྱེ་ཉི་སྐམ། སྦྲང་རྩི་བསྡུ་ལེན། ཐུམ་རྒྱག་ཚོང་སྐུར་བཅས་ཀྱི་ལས་ལ་བྲེལ་ཞིང་། ད་ཆ་ཚོང་ཤག་རྙིང་པའི་མངགས་ཐོ་ཡིས་ཝུའུ་ཧྥེང་མིང་གི་སྦྲང་རྩིའི་ཡོང་འབབ་ཀྱི་བཅུ་ཆ་བཞི་ཡན་ཟིན་གྱི་ཡོད། ཁོང་གིས་རྟག་ཏུ་གྲོང་རྡལ་དུ་བསྐྱོད་དེ་སྦྲག་ཐོག་ནས་སྦྲང་རྩི་སྐུར་གྱི་ཡོད་པ་དང་ཚོང་རྒྱ་ཆེན་པོ་མེད་ཀྱང་སྐྱིད་ལ་བརྟན་པོ་ཡོད། དབྱར་གསེང་བཏང་མ་ཐག་བུ་ཝུའུ་ཧའོ་ཡང་ཕ་མའི་སར་ཡོང་ནས་སྦྲང་མ་གསོ་བ་དང་སྦྲང་རྩི་འཚོང་རོགས་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། འཇུ་ལག་རྫོང་གིས“པད་ཁའི་མེ་ཏོག”སྤུས་རྟགས་ཧུར་ཐག་བཏོད་དེ་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་བས་ས་མཐོའི་མེ་ཏོག་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་ཉམས་དགའ་བའི་ཕན་འབྲས་གསར་པ་མངོན་བཞིན་ཡོད། ཁོང་གིས། “སྦྲང་མ་གསོ་བ་ནི་མེ་ཏོག་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ཞིག་ཡིན། ལས་ཀ་དེ་སྤྱིར་བཏང་ཞིག་ཡིན་ཡང་བརྟན་པོ་ཡོད། སྦྲང་མ་ནི་ལས་ལ་ཤིན་ཏུ་བརྩོན་པས་ང་ཚོས་ཀྱང་སྦྲང་མའི་ངལ་རྩོལ་ལ་བརྩི་འཇོག་བྱེད་དགོས། ཆར་ཆུ་དུས་སུ་འབབ་པ་དང་། ཁྱིམ་མི་བདེ་ཞིང་སྐྱིད་པ། འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།