ཉིང་ཁྲི་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ།
“ཁམ་བུའི་མེ་ཏོག་གྲོང་ཚོ”ཡི་སྤུས་རྟགས་སྐད་གྲགས་ཇེ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་དྲིལ་བསྒྲགས་ཨུ་ཡོན་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་འབྱོར་བ་ནས་ད་ལྟའི་བར་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་ནང་དོན་དྲན་གསོས་རིམ་བཞིན་ངའི་སེམས་གཏིང་གི་དགའ་ཚོར་བརྗོད་ཐབས་བྲལ། དེ་ནི་ང་ཚོའི་ལས་ཀར་ཁས་ལེན་གནང་བ་ཞིག་རེད་ལ། ང་ཚོའི་སླད་ཕྱིན་གྱི་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་གནང་བ་ཞིག་ཀྱང་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས‘ཁམ་བུའི་མེ་ཏོག་གྲོང་ཚོ’ཡི་སྤུས་རྟགས་སྐད་གྲགས་ཇེ་ཆེར་གཏོང་རྒྱུ་ཡིན”ཞེས་བཤད།
“ཁམ་བུའི་མེ་ཏོག་གྲོང་ཚོ”ནི་ཀ་ལ་གྲོང་ཚོའི་ཚབ་མིང་ཞིག་ཡིན་པ་མ་ཟད། ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་ཀྱི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཀྱང་རེད། ཀ་ལ་གྲོང་ཚོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ་དང་གྲོང་རྡལ་ཁག་གི་འཕེལ་རྒྱས་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད།
ཉིན་ཤས་བསྟུད་མར། ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་སློབ་སྦྱོང་ཚོགས་འདུའི་ཐོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཉིང་ཁྲིའི་སྐྱེ་ཁམས་དང་མི་རིགས་རིག་གནས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དེ་ཉིང་ཁྲིའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་ཏན་ཏིག་འགྱུར་བ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་སྤེལ་རེས་མཉམ་ལས་ཁོའོ་ཡི་ཁོའོ་ཀྲང་ཧུའུ་ཁྲེང་གིས“ང་ཚོས་ཁམ་བུའི་མེ་ཏོག་ལ་ལྟ་བ་དང་། ཐོན་ལས་ལས་སྣོན་བྱེད་པ། རིག་གནས་IPགསར་སྤེལ་སོགས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྟོན་དཔྱིད་མཉམ་འགུལ་བྱེད་པ། དུས་བཞིའི་རིག་གནས་ཡུལ་སྐོར་ཐོན་རྫས་ལ་སྐུལ་ཁྲིད་བྱེད་པ། དམའ་དབྱིངས་དཔལ་འབྱོར་དང་བརྙན་ཐུང་པར་ལེན་སོགས་འགྲན་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ‘མི་ཡུལ་གྱི་ཁམ་བུའི་དགའ་ཚལ’གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་ཀྱི་ཡིན”ཞེས་བཤད།
འགོ་འཛུགས་ས་གསར་པའི་ཐོག་ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་སྐད་གྲགས་ཆོད་པར་བྱེད་པ་དང་གྲོང་གསེབ་དར་རྒྱས་གཏོང་ལམ་སྔར་བས་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཏེ་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་སྡོད་རུང་བ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་གཏོད་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།