དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པར་ཞི་ཐུའུ་གཏེར་རྫས་གསར་པ་རྙེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-23

    གསར་འགོད་པར་ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)ནས་ཤེས་རྟོགས་བྱུང་བར། སློབ་གྲྭ་དེ་དང་ནང་སོག་རང་སྐྱོང་ལྗོངས་ས་གཤིས་བརྟག་དཔྱད་ཞིབ་འཇུག་ཁང་གིས་མཉམ་དུ་ནང་སོག་པའེ་ཡུན་ཨེ་པོ་གཏེར་གཞིའི་གཏེར་རྫས་གཙོ་བོའི་གཏེར་ཁུལ་གྱི་གཏེར་ཕུང་དབུས་ནས་ཞི་ཐུའུ་གཏེར་རྫས་གསར་པ“ནེ་རྨ་ཆུའི་གཏེར་རྫས”རྙེད་པ་དང་། མིང་དེར་རྒྱལ་སྤྱིའི་གཏེར་རྫས་རིག་པ་མཐུན་ཚོགས་གཏེར་རྫས་གསར་པའི་མིང་འདོགས་དང་རིགས་དབྱེ་ཨུ་ཡོན་ལྷན་ཁང་གི་འདེམས་ཤོག་ཆ་ཚང་ཐོག་ནས་ཆོག་མཆན་ཐོབ་སྟེ་གྲོས་འཆམ་བྱུང་བ་རེད།

    པའེ་ཡུན་ཨེ་པོ་གཏེར་གཞི་ནི་འཛམ་གླིང་གི་ཞི་ཐུའུ་གཏེར་གཞི་ཆེ་ཤོས་དེ་ཡིན་པ་དང་། དེ་གོང་གཏེར་རྫས་རིགས་210ལྷག་ཙམ་གསར་རྙེད་ཐུབ་པ་མ་ཟད། གཏེར་རྫས་གསར་པའི་བསྡུར་ཚད་བཟུང་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། ནེ་རྨ་ཆུའི་གཏེར་རྫས་ལ་ཆོག་མཆན་ཐོབ་པ་ལས་གཏེར་གཞི་དེའི་རྙོག་འཛིང་རང་བཞིན་དང་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱི་སྣ་མང་རང་བཞིན་སྔར་བས་མངོན་ཡོད་པ་རེད།

    ནུས་ཆེའི་ཡུན་སྡུད་རྒྱུ་ཆའི་གྲུབ་ཆ་གཙོ་བོ་ཡིན་པའི་ནེ་ནི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། རླུང་ཤུགས་གློག་གཏོང་། གློག་རྡུལ་ཆ་འཕྲིན་སོགས་ཁྱབ་ཁོངས་སུ་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། ཞིབ་འཇུག་གྲུབ་འབྲས་དེ་ལས་ཞི་ཐུའུ་གཏེར་རྫས་རིག་པའི་རིགས་པའི་གཞུང་ལུགས་མ་ལག་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ད་དུང་ནེའི་ཐོན་ཁུངས་རང་ཚུགས་གསར་སྤེལ་བེད་སྤྱོད་བྱེད་པར་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།