དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི”རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་དབྱར་གསེང་གི་སྤྱི་ཚོགས་ལག་ལེན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-23

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། 2025ལོའི“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི”རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་དབྱར་གསེང་གི་སྤྱི་ཚོགས་ལག་ལེན་དང་བླངས་ཞབས་ཞུའི་བྱེད་སྒོའི་རྡོག་ཐོན་མཛད་སྒོ་ཅང་སུའུ་དགེ་འོས་སློབ་ཆེན་དུ་འཚོགས་ཤིང་། མཐོ་སློབ་948ནས་འོང་བའི་ཚོགས་པ་2000དང་དགེ་སློབ་དང་བླངས་པ་ཁྲི་2.1ལྷག་ཙམ་གྱིས་དྲ་ཐོག་དང་དྲ་ཕྱི་ནས་བྱེད་སྒོར་ཞུགས་ཡོད། བྱེད་སྒོ་དེས་མཐོ་སློབ་1680ཡི་དགེ་སློབ་ཀྱིས་མིང་ཧུར་ཐག་འགོད་པའི་ཡིད་དབང་བཀུག་པས། མཐར་པེ་ཅིང་སློབ་ཆེན་དང་ཤིན་ཅང་སློབ་ཆེན་སོགས་ཀྱི་ཚོགས་པ་2000བདམས་ཐོན་བྱུང་བ་དང་ལག་ལེན་བསྟར་ཡུལ་རྫོང་དང་ཆུས་900ལྷག་ཙམ་ལ་ཁྱབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི”སློབ་གྲྭ་ཆེ་མོ་བའི་སྤྱི་ཚོགས་ཀྱི་ལག་ལེན་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་ནི་སློབ་གསོ་པུའུ་སྐད་ཡིག་བཀོལ་སྤྱོད་དོ་དམ་སི་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་འཕེལ་རྒྱས་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེར་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བའི་ཆེད་དུ་རེད། 2018ལོ་ནས་བཟུང་ཚོགས་པ་6600ལྷག་ཙམ་དང་མཐོ་སློབ་ཀྱི་དགེ་སློབ་ཁྲི་7ལྷག་ཙམ་དེའི་ནང་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།