རང་རྒྱལ་གྱི་ས་འོག་ལྕགས་ལམ་སྐོར་ལམ་རིང་ཤོས་ཀྱི་འབྲི་ཆུའི་ཕུག་ལམ་ཏལ་འབིགས་ཐུབ་པ།
ཉེ་ཆར། “ཅང་ཁྲེང་ཕུལ་བྱུང་རྟགས་ཅན”གྱི་འབིགས་འཕྲུལ་གྱིས་ཕུག་ལམ་ཏལ་འབིགས་ཐུབ་པ་དང་ཆབས་ཅིག ཧུའུ་པེའི་ཝུའུ་ཧན་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཨང་12པའི་འབྲི་ཆུའི་ཕུག་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། ཝུའུ་ཧན་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཨང་12པའི་རིང་ཚད་ལ་སྤྱི་ལེ་59.9ཡོད་པ་དེ་རྒྱལ་ནང་གི་ས་འོག་ལྕགས་ལམ་སྐོར་ལམ་རིང་ཤོས་ཡིན་ཞིང་། ལམ་ཐིག་ཨང་12པ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཝུའུ་ཧན་གྱི་ལྟེ་བའི་གྲོང་ཁུལ་7དང་སྦྲེལ་མཐུད་ཐུབ་རྒྱུ་རེད། འདི་ནི་བཟོ་པས་ཏལ་འབིགས་ཐུབ་པའི་ཕུག་ལམ་ནང་སྐོར་ཞིབ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།