ཀྲུང་གོའི་ཤིན་ཅང་རྒྱལ་སྤྱིའི་མི་རིགས་ཞབས་བྲོའི་དུས་ཆེན་སྐབས་བདུན་པ་འགོ་ཚུགས་པ།
ཚེས་20ཉིན་གྱི་དགོང་མོར། བརྗོད་དོན་གཙོ་བོའི་གླུ་གཞས《ང་ཚོ་མཉམ་དུ་གར་ལ་རོལ》ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཤིན་ཅང་མི་དམངས་ཚོགས་ཁང་ཆེ་མོར་གྲགས་པ་དང་བསྟུན་ནས་ཀྲུང་གོའི་ཤིན་ཅང་རྒྱལ་སྤྱིའི་མི་རིགས་ཞབས་བྲོའི་དུས་ཆེན་སྐབས་བདུན་པ་འགོ་ཚུགས་པ་རེད། ཞབས་བྲོའི་དུས་ཆེན་རིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྒྱུ་རྩལ་ཚོགས་པ་24ཡིས་ཤིན་ཅང་གི་མི་རིགས་ཁག་གི་ལྟད་མོ་བར་འཁྲབ་སྟོན་ཁག་52བྱ་རྒྱུ་རེད།
སྐབས་འདིའི་ཞབས་བྲོའི་དུས་ཆེན་ལ་ཧ་སག་སི་ཐན་དང་། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན་སོགས་རྒྱལ་ཁབ་8ཀྱི་སྒྱུ་རྩལ་ཚོགས་པ་དང་དེ་བཞིན་ཀྲུང་དབྱང་པ་ལིའི་ཞབས་བྲོ་ཚོགས་པ་དང་ཤིན་ཅང་སྒྱུ་རྩལ་ཟློས་གར་ཁང་མུའུ་ཁཱ་མུའུ་སྒྱུ་རྩལ་ཚོགས་པ་སོགས་འཁྲབ་སྟོན་ནང་ཞུགས་མཁན་རྒྱལ་ནང་གི་ཚོགས་པ་16མཉམ་དུ་འཛོམས་ནས་ཞབས་བྲོ་དང་། གླུ་གར། པ་ལིའི་ཞབས་བྲོ། དེང་དུས་ཀྱི་ཞབས་བྲོ་སོགས་སྒྱུ་རྩལ་བྱེད་སྒོ་སྣ་ཚོགས་འཁྲབ་སྟོན་བྱས་ཡོད།
སྐབས་འདིའི་ཞབས་བྲོའི་དུས་ཆེན་གྱི་འཁྲབ་སྟོན་བྱེད་སྒོར་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཚོགས་ར་གཙོ་བོར་བྱས་ནས་དབྱི་ལི་ཧ་སག་རང་སྐྱོང་ཀྲོའུ་དང་། ཧོ་ཐན་ས་ཁུལ། ཨ་ཁེ་སུའུ་ས་ཁུལ། ཁེ་ལ་མཱ་དབྱི་གྲོང་ཁྱེར། ཧ་སྨི་གྲོང་ཁྱེར། ཨ་ལར་གྲོང་ཁྱེར་བཅས་ཡན་ལག་ཚོགས་རར་བྱས་ཤིང་། བྱེད་སྒོ་དེ་ཟླ་8ཚེས་5ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།