དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་ཚོ་རྙིང་པའི་གཞི་གཅིག་འཕེལ་རྒྱས་ལས། ཐོན་ལས་མཉམ་འདྲེས་ལས་རྣམ་གསར་པ་མངོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-23

    རིང་ཚད་ལ་སྤྱི་ལེ་100ལྷག་ཙམ་ཡོད་པའི་མཚོ་འགྲམ་གྱི་གཞུང་ལམ་ཞིག་ཕོ་དབྱང་མཚེའུའི་འགྲམ་གྱི་ནན་ཁྲང་དང་། ཅིའུ་ཅང་། ཧྲང་རའོ་སོགས་དང་ཡུག་གཅིག་ཏུ་འབྲེལ་བའི་ཕོ་དབྱང་མཚེའུའི་འདམ་རའི་རིག་གནས་ལྗོངས་གཟིགས་ཁུལ་ཞིག་ཆགས་ཤིང་། བྱ་རིགས་དང་ཡུལ་ལྗོངས་ལ་ལྟ་ཞོར་བཟའ་བཏུང་དང་ཞིབ་སློབ་སོགས་བྱེད་པའི་ལས་རྣམ་ཞིག་དེ་གར་མཉམ་དུ་དར་འགོ་ཚུགས་ནས། ས་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་རྣམ་པ་ཞིག་གང་མགྱོགས་མངོན་བཞིན་ཡོད།

    མཉམ་འདྲེས་ལས་ཅང་ཤིས་ཀྱི་གྲོང་གསེབ་ཀྱི་ཁུག་ཁུག་གསེང་གསེང་ཚང་མ་དགོས་འདོད་ཀུན་འབྱུང་གི་ནོར་གཞོངས་ལྟ་བུར་གྱུར་ཡོད།

    ཞིང་ཁ་གཅིག་དང་། རྩིས་ཁྲ་གཉིས་ལས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་ནུས་ཕྱོད་ཆེན་པོ་མངོན་པ།

    དབྱིང་ཐན་ཡུས་ཅང་ཆུས་སུ་གནས་པའི་ཅིན་ཅང་གྲོང་རྡལ་དང་། གྲོང་ཁྱེར་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དུ་ཚད་ལྡན་གྱི་བཟོ་གྲྭ་སྟར་པ་རེ་རེ་བཞིན་གྲལ་འགྲིག་པོར་གནས་ཤིང་། གླིང་ཁུལ་དུ་བཅའ་སྡོད་བྱེད་སྔ་ཤོས་ཀྱི་དབྱིང་ཐན་ཧྭ་དང་ཞིབ་ཚགས་བཟོ་སྐྲུན་ཚད་ཡོད་ཀུང་སིར་ལས་མི་ཚོས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལྷུ་ལག་བྲེལ་བརྩོན་ངང་ཐོན་སྐྱེད་བྱེད་བཞིན་ཡོད།

    ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀུང་དབྱང་དབྱང་གིས“ཡིང་ཐན་དུ་སྤོས་རྗེས། ཐོན་ནུས་རྒྱ་བསྐྱེད་ལ་མ་གནས་ཆག་པ་མ་ཟད། བོགས་དངུལ་ཡང་མཚོ་འགྲམ་གྱི་དར་རྒྱས་ཆེ་བའི་ས་ཁུལ་གྱི་གསུམ་ཆ་གཅིག་ལས་ཟིན་གྱི་མེད་པ་དང་ཞབས་ཞུའང་དེ་མཚུངས་ཀྱིས་ཞིབ་ཚགས་པོ་འདུག”ཅེས་ཞིབ་རྩིས་རྒྱག་བཞིན་དུ་བཤད།

    ས་ཆ་ཁྲོམ་རའི་མ་རྐང་ནང་ཞུགས་ཤིང་། མ་དངུལ་གཏོང་མཁན་དང་། ཤེས་ལྡན་པའི་ཡིད་དབང་བཀུག་ནས་ཐོན་ལས་གཅིག་སྡུད་བྱས་ཡོད། རྒྱུ་ཆའི་ཐོན་ཁུངས་གྲོང་ཁྱེར་དང་གྲོང་གསེབ་དབར་འཁོར་རྒྱུག་བདེ་བླག་བྱུང་ནས་མཐར་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་ཐུབ་སྟེ་ཡུལ་མིར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད། ཅིན་ཅང་གྲོང་རྡལ་མདུན་སྐྱོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ལི་པིན་གྱིས། 2024ལོར་ཁྲོམ་རའི་མ་རྐང་ནང་ཞུགས་པའི་གྲོང་ཚོའི་ས་ཆར་ཡོང་འབབ་སྒོར་ཁྲི་58ལྷག་ཙམ་བྱུང་ཞིང་དེའི་70%གཞུང་ལམ་བཟོ་བ་སོགས་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཆུང་ངུར་བཏང་བ་དང་། དེ་བྱིངས་ཀྱི་30%རིམ་པ་བཞིན་བགོས་པས། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་ནས་ཡུལ་མིར་བགོ་འགྲེམས་རག་ཡོད་ཅེས་ཞིབ་རྩིས་རྒྱག་བཞིན་དུ་བཤད།

    གྲོང་སྡེ་གཅིག་དང་དྲ་སྐུད་གཅིག་ལ་ཐོན་ལས་མཉམ་འདྲེས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདུས་པ།

    ཏེ་ཤིན་གྲོང་ཁྱེར་ཤིན་ཀང་ཧྲན་གྲོང་རྡལ་ཐི་ཆོན་གྲོང་ཚོའི་ཆི་ཧྲི་རས་ཆ་ལས་སྣོན་བཟོ་གྲྭར་སྐྱོད་སྐབས། འཚེམ་འཁོར་གྱི་སྒྲ་གྲགས་བཞིན་ཡོད་པ་དང་། བཟོ་པ་ཚོས་བཙེམས་ཟིན་པའི་སྒེའུ་ཁུང་གི་ཤེལ་ཡོལ་རས་ཁུག་ནང་བླུག་བཞིན་འདུག

    མི་2800ལྷག་ཙམ་ཡོད་པའི་གྲོང་སྡེ་དེར་ད་ཆ་དྲ་ཐོག་ཚོང་ཁང་1500ལྷག་ཙམ་ཡོད་པར་ཚོང་ཡང་ཧ་ཅང་ཡག་པོ་ཡོད། དེ་དག་གིས་རས་ཆ་རང་འདོད་བཞིན་འཚེམ་རྒྱུ་ཁྱད་ཆོས་སུ་བྱས་ཏེ“གྲོང་ཚོ་རིམ་པའི་ཐོན་ལས་གླིང”ཞིག་ཆགས་པར་ལོར་བཙོངས་ཚད་དངུལ་སྒོར་དུང་ཕྱུར་2.5ཟིན་གྱི་ཡོད།

    མཐོང་ཆོས་སུ་གྱུར་པའི་གཞུང་ལམ་དྲ་བ་དང་མཐོང་རྒྱུ་མེད་པའི་དྲ་རྒྱ་ཡིས་རི་ཁུལ་གྱི་བཀག་རྡོ་ཡོངས་སུ་བསལ་ནས། གྲངས་འཛིན་དཔལ་འབྱོར་དང་། དེང་རབས་ཟོག་འགྲུལ་གྱིས་ཐི་ཆོན་གྲོང་ཚོ་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོ་དང་གང་མགྱོགས་མཉམ་འདྲེས་ཐུབ་པར་འདེགས་སྐྱོར་བྱེད་བཞིན་ཡོད། ཉིན་ལྟར་བསྐུར་མ་ཁྲི་2.5ཐི་ཆོན་གྲོང་ཚོ་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བཏང་བ་དང་། རས་ཆའི་ཐོན་ལས་ཀྱིས་མི་1000ལྷག་ཙམ་ལ་ལས་ཞུགས་སྣེ་ཁྲིད་ཐུབ་སྟེ། སྔོན་མའི“ཁོག་སྟོང་གྲོང་ཚོ”དེ་ད་ཆའི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་གྲོང་ཚོར་གྱུར་ཡོད།

    གླིང་ཁུལ་གཅིག་ཕྱོགས་གཉིས་ལ་འཕེལ་རྒྱས་ཕྱིན་ནས་ས་ཁོངས་མཉམ་འདྲེས་ཀྱི་རྣམ་པ་གསར་པ་མངོན་པ།

    ནན་ཁང་དུ“ཁྱིམ་ཆས་ཐོན་ལས་འཁོར་འབྲེལ་གྱི་སྒྲུབ་ཐེངས་གཅིག་གི་གསལ་ཐོ”ཞིག་ཡོད་དེ། ཞིབ་མཆན་ཞབས་ཞུའི་དོན་གནད་64དང་། འཕར་ཐང་ཞབས་ཞུའི་དོན་གནད་35ཚང་མ་བཅའ་སྡོད་ཁེ་ལས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་བསྒྲུབས་ཐུབ་ནས་ཁྱིམ་ཆས་ཁེ་ལས་ཀྱིས་ཚོང་འགུགས་ནང་འདྲེན་དང་། རྣམ་གྲངས་དོན་འཁྱོལ། ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་བྱ་བར“གཅིག་འཐུས་རྣམ་པ་དང་གཅིག་འབྲེལ་རྣམ་པའི”འཕར་ཐང་ཞབས་འདེགས་ཞུས་པར། བསྒྲུབས་ཚད་35%ཡན་མཐོ་རུ་ཕྱིན་ཡོད།

    ནན་ཁང་ཆུས་ཐོན་ལས་ཚོགས་པ་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཅུའེ་ཡིས། ཉེ་བའི་ལོ་ལྔ་ཡི་རིང་། ནན་ཁང་ཆུས་ཀྱིས་ཁུག་ཆེན་ཁུལ་དུ་བསྐྱོད་ནས་ཚོང་འགུགས་ཐེངས་500ལྷག་ཙམ་བྱས་ཏེ་ཁྱིམ་ཆས་ཁེ་ལས་150ལྷག་ཙམ་གདན་དྲངས་ཡོད། སྔོན་ཆད་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་འདིར་ད་ལོའི་ལོ་སྟོད་དུ་ཁྱིམ་ཆས་ཐོན་ལས་ཚོགས་པའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1400ལས་བརྒལ་ཡོད་ཅེས་བཤད།

    ཁུག་ཆེན་ཁུལ་དང་མཉམ་འདྲེས་བྱས་པ་ནི་གོམ་སྟབས་དང་པོ་ཡིན། ཁུག་ཆེན་ཁུལ་གྱི“གསེར་ཟམ”ལ་བརྟེན་ནས་ནན་ཁང་ཁྱིམ་ཆས་ཀྱིས་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་འཁོར་རྒྱུག་གཉིས་ནང་ཞུགས་ཐུབ་པར་བྱས་ཡོད། འདི་ལོའི་ཟླ་བ་གསུམ་པར། མ་ལེ་ཞི་ཡའི་ཁྱིམ་ཆས་འགྲེམས་སྟོན་གྱི་ཉིན་དང་པོར། ནན་ཁང་ཁྱིམ་ཆས་ཀྱི་འགྲེམས་རྫས་ཚང་མ་བྲིན་པ་དང་། ཟླ་བ་ལྔ་པར། ཀན་ཀྲོའུ་ཁྱིམ་ཆས་འགྲེམས་ཚོགས་ལ་ནན་ཁང་ཁྱིམ་ཆས་ཀུང་སིས་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པའི་དབར་དངུལ་འབོར་ཨ་སྒོར་ཁྲི་2500ལྷག་ཙམ་ཟིན་པའི་གན་རྒྱ་བཞག་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱུང་བ་ནི་གྲོང་ཚོ་རྙིང་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད།

    ཞིང་ཁ་གཅིག་དང་། གྲོང་སྡེ་གཅིག ཚོགས་པ་གཅིག་བཅས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་། ཐོན་ལས་མཉམ་འདྲེས། ས་ཁོངས་མཉམ་འདྲེས་བཅས་ཀྱི་མི་སེམས་འགུལ་བའི་ལེའུ་བརྩམས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་མཛེས་རིས་གསར་པ་ཞིག་ཀན་ཀྲོའུ་དང་ཕོ་དབྱང་གི་ས་གཞི་ཆེན་མོར་མངོན་དང་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།