རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཕྱི་རོལ་ལུས་རྩལ་གྱི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་པ།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཕྱི་རོལ་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། དེའི་ནང་ཞུགས་མཁན་མི་གྲངས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་མོད། འོན་ཀྱང་མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་ཁག་གཅིག་སྒྲིག་འཛུཌ་ཚད་ལྡན་མེད་པ་དང་། འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ། ལག་བསྟར་དོན་འཁྱོལ་གནད་ལ་འཁེལ་པོ་མེད་པ་སོགས་ཀྱི་གནད་དོན་གནས་ཡོད། དེར་བརྟེན། ཉེ་ཆར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་གཞུང་དོན་ཐིང་གིས《ཕྱི་རོལ་ལུས་རྩལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ཡོད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། འགྲན་བསྡུར་བྱེད་སྒོ་གྲ་སྒྲིག་བྱེད་པའི་དུས་མཚམས་སུ་འགྲན་བསྡུར་བྱ་ཡུལ་གྱི་སྒྲིག་ཆས་ཀྱི་བརྟན་པོའི་རང་བཞིན་དང་། མེ་གསོད་འགྲོ་ལམ་གྱི་ཤར་བགྲོད་རང་བཞིན། འཕྲལ་སྡོམ་རོཌ་སྐྱོབ་སྒྲིག་ཆས་བཀོད་སྒྲིག་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། བདེ་འཇཌ་འགོག་ཟོན་དང་རོགས་སྐྱོབ་བྱེད་ཐབས་གནད་འཁེལ་མ་བྱུང་ཚེ་འགྲན་བསྡུར་མི་བྱེད་པའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། འགྲན་བསྡུར་བྱེད་སྒོར་མི་རྒྱུན་མང་པོ་ཡོད་མེད་དང་། གནམ་གཤིས་ཀྱི་འགྱུར་ལྡོག འགྲན་བསྡུར་ནང་ཞུགས་མཁན་གྱི་གཟུགས་པོའི་གནས་ཚུལ་སོགས་ཀྱི་ཉེན་ཁར་དུས་ཐོག་ཏུ་ལྟ་འདོམས་བྱེད་དགོས་པ། འགྲན་བསྡུར་བྱས་རྗེས་བསྐྱར་དུ་དབྱེ་ཞིབ་བྱས་ནས་བདེ་འཇགས་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
རྒྱུག་ཤར་དང་། ཆུ་ཐོག་ལུས་རྩལ། རྐང་འཁོར། མཁའ་འགྲུལ་ལུས་རྩལ། རླངས་འཁོར་དང་སྦག་སྦག་སོགས་ལུས་རྩལ་རྣམ་གྲངས་མི་འདྲ་བའི་ཁྱད་ཆོས་ལ་གཞིཌ་ནས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱོད་དགོས། ཚ་བ་ཆེ་བ་དང་། ཆུ་ལོག གནམ་གཤིས་ངན་པ་སོགས་ལས་བྱུང་བའི་ཉེན་ཁའི་འགྲན་སློང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། འགྲན་བསྡུར་བྱེད་སྒོའི་བདེ་འཇགས་ཀྱི་ཉེན་ཁ་གྲལ་བཤེར་དང་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། ལུས་རྩལ་ཁང་དང་ཕྱི་རོལ་ལུས་སྦྱོང་བྱེད་སའི་ཡོ་བྱད་ཀྱི་བདེ་འཇགས་དོ་དམ་ཡག་པོ་བྱས་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྡན་པའི་ཡོ་བྱད་འཕྲལ་མར་སྤྱོད་མཚམས་འཇོག་པ་མ་ཟད་བརྗེ་དགོས། མི་ཚོགས་མང་སར་ཚན་རིག་དང་མཐུན་པའི་ཁ་འགྲེམ་ཇུས་གཞི་བཟོས་ནས་འཚང་ཁ་དང་རྡོག་བརྫིས་ཐེབས་པ་སོགས་ཀྱི་བདེ་འཇགས་ཀྱི་ཉེན་ཁར་འགོག་ཟོན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།