དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིན་ཅང་དུ་ཟློས་གར་འཁྲབ་ནས་སྤེལ་རེས་གཏིང་ཟབ་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-23

    ཟླ་7ཚེས་17ཉིན། ཅང་སུའུ་ཐའེ་ཀྲོའུ་མེ་ལན་ཧྥང་ཅིང་ཅུས་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ཚོས་རྩེར་སོན་གྱི་འཁྲབ་རྩལ་ལ་བརྟེན་ནས་ཟློས་གར་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། ཐེན་ཧྲན་རི་བོའི་གཤམ་དུ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ས་བོན་བཏབ་ཡོད། ད་ཐེངས་ཀྱི་འཁྲབ་སྟོན་ནི་ཅང་སུའུ་ཞིང་ཆེན་གྱིས་ཤིན་ཅང་དབྱི་ལི་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུའུ་རུ་རིག་གནས་ལ་བརྟེན་ནས་ཤིན་ཅང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཤིག་ཡིན་པ་དང་། ཤིན་ཅང་དུ་ཟློས་གར་འཁྲབ་སྟོན་བྱས་ཏེ་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་རིག་གནས་འབྲེལ་ཐག་ཏུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད། འདི་ནི་འཁྲབ་སྟོན་པས་ཤིན་ཅང་དབྱི་ལི་ཀྲའོ་སུའུ་མང་ཚོགས་ལ་ཅིང་ཅུས་ཟློས་གར་གྱི་གྲགས་ཅན་དུམ་བུ་འཁྲབ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།