དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་ལ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་11.7%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-23

    ད་ལོའི་ལོ་སྟོད་ལ་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་30014ཡོད་པ་དེ་དུས་མཚུངས་ལས་11.7%འཕར་བ།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་ལ་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་30014ཡོད་པ་དེ་དུས་མཚུངས་ལས་11.7%འཕར་བ་དང་། ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་4232.3དངོས་སུ་བེད་སྤྱད་ཡོད་པ་རེད།

    ལས་རིགས་ནས་བལྟས་ཚེ། བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་1090.6དངོས་སུ་བེད་སྤྱད་པ་དང་ཞབས་ཞུའི་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་3058.7དངོས་སུ་བེད་སྤྱད་ཡོད།

    མཐོ་གསར་ལག་རྩལ་ཐོན་ལས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་1278.7དངོས་སུ་བེད་སྤྱད་ཅིང་། དེའི་ནང་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ལས་རིགས་དང་། རྫས་འགྱུར་སྨན་རྫས་ཀྱི་བཟོ་སྐྲུན་ལས་རིགས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་དང་དེ་བཞིན་སྒྲིག་ཆས་བཟོ་སྐྲུན་ལས་རིགས། སྨན་བཅོས་ཡོ་ཆས་ཀྱི་སྒྲིག་ཆས་དང་དེ་བཞིན་ཡོ་བྱད་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་བེད་སྤྱོད་ཚད་127.1%དང་། 53% 36.2% 17.7%བཅས་སོ་སོར་འཕར་ཡོད།

    ཡོང་ཁུངས་ནས་བལྟས་ཚེ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱིས་དངོས་སུ་ཀྲུང་གོར་མ་འཇོག་བྱེད་ཚད་8.8%འཕར་བ་དང་། སུའེ་ཙེར་དང་། རི་པིན། དབྱིན་ཇི། འཇར་མན། ཧན་གོ་བཅས་ཀྱིས་དངོས་སུ་ཀྲུང་གོར་མ་འཇོག་བྱེད་ཚད་68.6%དང་། 59.1% 37.6% 6.3% 2.7%བཅས་སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།