ཀྲུང་གོ་དང་དབྱི་ཐ་ལིའི་བྱིས་པས་མཉམ་དུ་གྲགས་ཅན་བྱིས་གླུ་བཏང་བ།
ཉེ་ཆར། ཀྲུང་གོའི་ཧྲང་ཧའེ་ཡི་མེ་ཏོག་ཧོ་ཀྲིན་མཉམ་གཞས་ཚོགས་པ་ཆུང་ཆུང་དང་དབྱི་ཐ་ལིའི་ཨན་ཏུང་ཉི་ཡ་ནོ་མཉམ་གཞས་ཚོགས་པ་ཆུང་ཆུང་གཉིས་ཀྱིས་པོ་ལོ་ཉི་ཡ་རུ་དབྱི་ཐ་ལིའི་གྲགས་ཅན་བྱིས་གླུ་བཏང་ནས་2025 ལོའི་དབྱར་སྒར་གྱི་གྲུབ་འབྲས་སློབ་སྦྱོང་དང་སྤེལ་རེས་བྱས་པ་རེད། ཀྲུང་གོའི་བྱིས་པ་22ད་རེས་ཀྱི་དབྱར་སྒར་ལ་ཞུགས་པ་དང་། དབྱར་སྒར་རིང་། ཁོང་ཚོས་ཨན་ཏུང་ཉི་ཡ་ནོ་མཉམ་གཞས་ཚོགས་པ་ཆུང་ཆུང་གི་བཀོད་འདོམས་དགེ་རྒན་གྱི་སྣེ་ཁྲིད་འོག དབྱི་ཐ་ལིའི་གསེར་ཊམ་བྱིས་གླུའི་འགྲན་བསྡུར་གྱི་ཕུལ་བྱུང་གཞས་སྦྱངས་ཏེ། དབྱི་ཐ་ལིའི་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་ནང་སྦྱོང་བྱས་ནས་འཁྲབ་སྟོན་བྱས་པ་མ་ཟད། རང་ཉིད་ཀྱིས་ལག་པ་བསྒུལ་ནས་དབྱི་ཐ་ལིའི་བྲོ་བ་ལྡན་པའི་ཕི་ས་བག་ལེབ་བཟོས་པ་དང་། ཡོ་རོབ་ཀྱི་ཟློས་གར་འཁྲབ་སར་ཡང་མྱོང་རོལ་བྱེད་པར་བསྐྱོད་ཡོད། འདི་ནི་དབྱི་ཐ་ལིའི་པོ་ལོ་ཉི་ཡར་མེ་ཏོག་ཧོ་ཀྲིན་མཉམ་གཞས་ཚོགས་པ་ཆུང་ཆུང་དང་ཨན་ཏུང་ཉི་ཡ་ནོ་མཉམ་གཞས་ཚོགས་པ་ཆུང་ཆུང་གཉིས་ཀྱི་ཁོངས་མིའི་བྱིས་པ་ཆུང་ཆུང་ཚོས་མཉམ་དུ་གཞས་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།