དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འཛམ་གླིང་ཧྲི་ཀྲང་གི་གླེང་མོལ། ཆིང་ཏའོ”ཡི་བྱེད་སྒོས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་ལས་ལ་དམིགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-23

    ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། “ངོ་མཚར་ཆེ་བའི་རིག་གནས་ཡུལ་སྐོར། མཛའ་གྲོགས་གྲོང་ཁྱེར་དབར་མཉམ་སྤྱོད” བརྗོད་དོན་གཙོ་བོར་བྱས་པའི“འཛམ་གླིང་ཧྲི་ཀྲང་གི་གླེང་མོལ། ཆིང་ཏའོ”ཡི་བྱེད་སྒོ་ཧྲན་ཏུང་ཆིང་ཏའོ་རུ་གཉེར་བ་རེད། ཕྱི་རྒྱལ་གྱི་གྲོང་ཁྱེར་8དང་ཀྲུང་གོའི་གྲོང་ཁྱེར་3གྱིས་ལག་གདང་སྦྲེལ་ནས་རིག་གནས་དང་ཡུལ་སྐོར་སྤེལ་རེས་ཀྱི་བར་མཐོངས་གསར་པ་མཉམ་དུ་རྒྱ་སྐྱེད་དང་ཐོན་ལས་མཉམ་ལས་ཀྱི་ཐབས་ལམ་གསར་པ་མཉམ་དུ་གཏོད་རྒྱུ་རེད།

    བྱེད་སྒོའི་རིང་། ཀེ་རི་སེའི་པི་ལེ་ཨའེ་ཧྥུའུ་སི་དང་། ཁམ་ཕུ་ཁྲེའི་ཞི་ཧ་ནུའུ་ཁེ། བྷེ་ཨུ་རུ་སུའི་མེན་སི་ཁེ། འཇར་མན་གྱི་ལེ་ཀེན་སི་པའོ། ནི་ཀྲེ་རི་ཡའི་ལ་ཀེ་སི། རི་པིན་གྱི་ཞ་ཀོན། ནེའུ་ཙི་ལན་གྱི་ཏ་ཉི་ཏིན། ཧན་གོའི་ཏ་ཆིའུ་བཅས་དང་། དེ་བཞིན་ཀྲུང་གོའི་ཆིང་ཏའོ་དང་། གཡན་ཐའེ། ཝུའེ་ཧའེ་བཅས་ཀྱི་ཧྲི་ཀྲང་ངམ་ཡང་ན་ཧྲི་ཀྲང་གི་འཐུས་མིས“ཁྱད་ལྡན་ལེགས་ཆ་སྟོབས་ཆེར་བཏང་ནས་རྒྱ་མཚོའི་ཡུལ་སྐོར་འཕེལ་རྒྱས་གཏོང”ཞེས་པ་དང“ལོ་རྒྱུས་གྲོང་ཁུལ་གྱི་ནུས་པ་ཆེ་རུ་བཏང་ནས་རིག་གནས་དང་ཡུལ་སྐོར་གྱི་ལེའུ་གསར་པ་གཏོད” “རྒྱལ་སྤྱིའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང”སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད།

    “འཛམ་གླིང་ཧྲི་ཀྲང་གི་གླེང་མོལ”ནི་གོ་ལ་ཧྲིལ་པོའི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་དབར་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཆེད་དུ་རེད། བྱེད་སྒོ་སྤེལ་རིང་། དེར་ཞུགས་པའི་གྲོང་ཁྱེར་ཁག་11གིས་འཛམ་གླིང་ལ་རིག་གནས་ཡུལ་སྐོར་གྱི་གདན་ཞུ་བྱས་ནས། རིག་གནས་ཡུལ་སྐོར་འབྲེལ་ཟམ་དུ་བྱས་ཏེ། དམངས་ཁྲོད་ཀྱི་མཛའ་གྲོགས་འགྲོ་འོང་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།