དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་སྦྲེལ་སྐུལ་སྤེལ་འགྲེམས་ཚོགས་སྐབས་གསུམ་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-23

    ཉེ་ཆར། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“འཛམ་གླིང་སྦྲེལ་མཐུད་དང་འབྱུང་འགྱུར་མཉམ་གཏོད”ཀྱི་བརྗོད་དོན་གཙོ་བོའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་སྦྲེལ་སྐུལ་སྤེལ་འགྲེམས་ཚོགས་སྐབས་གསུམ་པ་པེ་ཅིང་དུ་འཚོགས་པ་རེད། སྐབས་འདིའི་མཁོ་སྤྲོད་འཁོར་སྦྲེལ་སྐུལ་སྤེལ་འགྲེམས་ཚོགས་སུ་སྔོན་ཐོན་བཟོ་སྐྲུན་གྱི་འཁོར་སྦྲེལ་དང་། རིག་ནུས་རླངས་འཁོར་གྱི་འཁོར་སྦྲེལ། ལྗང་མདོག་ཞིང་ལས་ཀྱི་འཁོར་སྦྲེལ། ནུས་རྒྱུ་གཙང་མའི་འཁོར་སྦྲེལ། གྲངས་འཛིན་ཚན་རྩལ་གྱི་འཁོར་སྦྲེལ། བདེ་ཐང་འཚོ་བའི་འཁོར་སྦྲེལ་བཅས་འཁོར་སྦྲེལ་ཆེན་པོ་དྲུག་དང་། མཁོ་སྤྲོད་འཁོར་སྦྲེལ་གྱི་ཞབས་ཞུའི་འགྲེམས་ཁུལ་བཙུགས་ཡོད་པ་དང་། ཁྱོན་རྒྱལ་ཁབ་དང་ས་ཁུལ་75དང་ཁེ་ལས་དང་སྒྲིག་གཞི་651འགྲེམས་ཚོགས་ནང་ཞུགས་པ་དང་། འགྲེམས་ཚོགས་ནང་ཞུགས་མཁན་ཕྱི་རྒྱལ་གྱི་ཚོང་པས་35%བཟུང་ཡོད། འདི་ནི་སྔོན་ཐོན་བཟོ་སྐྲུན་འཁོར་སྦྲེལ་གྱི་འགྲེམས་སྟོན་ཁུལ་དུ་ཕྱི་རྒྱལ་ནས་ཡོང་བའི་ལྟད་མོ་བས་རོགས་ལས་འཕྲུལ་མིར་ལྟ་སྐོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།