དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་དུང་ཕྱུར་22.4དབོར་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-22

    གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ལོ་སྟོད་དུ་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་22.4དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་6.7%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    ད་ལོ་ཚུན། ལྕགས་ལམ་སྡེ་ཚན་གྱིས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཚད་ལྡན་121གཏོང་སྤྱོད་བྱས་པས་མེ་འཁོར་གྱི་འགྲུལ་སྐྱེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ལོ་སྟོད་དུ་ཉིན་རེར་འགྲུལ་སྐྱེལ་མེ་འཁོར་11183བཏང་བས་དུས་མཚུངས་ལས་7.5%འཕར་ཡོད།

    ལོ་སྟོད་དུ་ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་1503.3དབོར་འདྲེན་བྱས་པ་དང་ཀྲུང་ལོ་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་13.9དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་16.1%དང་19.1%སོ་སོར་འཕར་ཡོད། རྒྱལ་ཡོངས་ལྕགས་ལམ་གྱིས་ཕྱི་རྒྱལ་གྱི་འགྲུལ་པ་མི་ཐེངས་ཁྲི་914.8དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་30.1%འཕར་ཡོད།

    ལོ་སྟོད་དུ་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་མེ་འཁོར་972བཏང་བ་དེ་དུས་མཚུངས་ལས་23.2%འཕར་ཏེ་ཡུལ་སྐོར་དཔལ་འབྱོར་དང་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།