ལིའུ་ཕན་རི་བོའི“རི་ཆུའི་ལས་གྲྭས”སྐྱེ་ཁམས་ལྗང་མདོག་གི་སྲུང་བཅད་བསྐྲུན་པ།
ཉིང་ཞ་ཤིས་ཧའེ་ཀུའུ་ས་ཁུལ་དུ་གནས་པའི་ལིའུ་ཕན་རི་བོ་ནི་ཀྲུང་གོའི་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཞ་ཡིས“རི་ཆུའི་ལས་གྲྭ”སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་གཞི་འཛིན་སར་བྱས་ཏེ་ལིའུ་ཕན་རི་བོའི་ས་ཁོངས་ཀྱི་ལྗང་མདོག་བར་མཐོངས་མུ་མཐུད་རྒྱ་སྐྱེད་བཏང་ནས་སྐྱེ་ཁམས་སྲུང་བཅད་བརྟན་པོ་བསྐྲུན་ཡོད། “རི་ཆུའི་ལས་གྲྭས”དེ་སྔའི་ཐན་ཞིང་ཐང་རྒོད་ལ་སྔོ་ལྗང་གོས་ཀྱིས་བཀླུབས་ནས་ལིའུ་ཕན་རི་བོའི་ས་ཁུལ་གྱི་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། འདི་ནི་སྔོ་ལྗང་གིས་བརྒྱན་པའི་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཡོན་ཀྲོའུ་ཆུས་མ་ཏུང་ཧྲན་ནགས་རའི་ལྡེབས་ཀྱི་མཛེས་ལྗོངས་ཡིན་པ།
འབྲེལ་ཡོད་གསར་འགྱུར།