དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་ནུས་གསར་རླངས་འཁོར་ཁྲི་562.2གསར་དུ་ཐོ་བཀོད་ བྱས་པ་དེ་དུས་མཚུངས་ལས་27.86%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-22

    གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་བདག་ཡོད་གྲངས་ཚད་དུང་ཕྱུར་4.6ཟིན་པའི་ནང་རླངས་འཁོར་དུང་ཕྱུར་3.59ཡོད་པ་དང་། རྒྱལ་ཡོངས་སུ་ནུས་གསར་རླངས་འཁོར་བདག་ཡོད་གྲངས་ཚད་ཁྲི་3689ཟིན་པ་དེས་རླངས་འཁོར་བསྡོམས་འབོར་གྱི་10.27%བཟུང་ཞིང་། དེའི་ནང་གློག་སྒུལ་ཁོ་ན་ཡིན་པའི་རླངས་འཁོར་གྱི་བདག་ཡོད་གྲངས་ཚད་ཁྲི་2553.9ཟིན་པ་དེས་ནུས་གསར་རླངས་འཁོར་བསྡོམས་འབོར་གྱི་69.23%བཟུང་ཡོད།

    ལོ་སྟོད་དུ་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཁྲི་1688གསར་དུ་ཐོ་བཀོད་བྱས་ཤིང་། དེའི་ནང་གསར་དུ་ཐོ་བཀོད་བྱས་པའི་ནུས་གསར་རླངས་འཁོར་ཁྲི་562.2ཟིན་ནས་དུས་མཚུངས་ལས་27.86%འཕར་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དུང་ཕྱུར་5.5ཟིན་ཞིང་། དེའི་ནང་རླངས་འཁོར་གྱི་ཁ་ལོ་བ་དུང་ཕྱུར་5.15ཟིན་པ་དེས་ཁ་ལོ་བའི་བསྡོམས་འབོར་གྱི་93.68%བཟུང་ཡོད། ལོ་སྟོད་དུ་རྒྱལ་ཡོངས་སུ་ཁ་ལོ་བའི་ལག་ཁྱེར་གསར་པ་ལེན་མཁན་ཁྲི་1258ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།