དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི“རྒྱུད་གཅིག་ལམ་གཅིག”གི་གསར་འགོད་པའི་རྩ་འཛུགས་གླེང་སྟེགས་ཀྱིས།

    “གསར་འགྱུར་གྱི་སྟོབས་ཤུགས། ཤེས་དཔལ་གྱི་གླེང་མོལ། འཛམ་གླིང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ”བཅས་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-22

    2025ལོའི“རྒྱུད་གཅིག་ལམ་གཅིག”གི་གསར་འགོད་པའི་རྩ་འཛུགས་གླེང་སྟེགས་ཉེ་ཆར་ཅང་ཤིས་ཀན་ཀྲོའུ་རུ་འཚོགས་པ་དང་། རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ནས་ཡོང་བའི་གསར་འགོད་པའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་སྨྱན་སྦྱོར་གྱི་འཐུས་མི་100ཙམ་གྱིས་གྲོས་བསྡུར་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    གླེང་སྟེགས་དེ་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པ་མཐུན་ཚོགས་དང་ཅང་ཤིས་ཞིང་ཨུད་དྲིལ་བསྒྲགས་པུས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཀང་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བའི་འགྲན་སློང་གི་མདུན་དུ་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱིས་འདྲ་མཉམ་དང་། དཔྱད་གཞིར་འཛིན་རེས། གླེང་མོལ། བསྟུན་མཁས་བཅས་ཀྱི་ཤེས་དཔལ་གྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་སྣ་མང་དང་ཕྱོགས་བསྡུས་ཀྱི་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་མཉམ་ལས་དྲ་རྒྱ་འཛུགས་པར་སྐུལ་འདེད་གཏོང་བ་དང་། མཐོང་རྒྱ་ཆེ་རུ་གཏོང་བ། མངོན་མཚོན་གསར་གཏོད་བྱེད་པ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ། མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་སྨྱན་སྦྱོར་བརྒྱུད་སྤེལ་གྱི་སྟོབས་ཤུགས་སྤྱད་དེ་རི་མཚོའི་བཀག་རྒྱ་ལས་བརྒལ་བ་དང་། ངེས་ཤེས་ཀྱི་ཧེ་བག་སེལ་བ། གོ་ལ་ཧྲིལ་པོའི་ནུས་ཤུགས་གཅིག་སྡུད་བཅས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧོ་ཕིང་གིས་གཙོ་དོན་གཏམ་བཤད་གནང་སྐབས། གསར་འགྱུར་སྨྱན་སྦྱོར་གྱིས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ཤེས་དཔལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་འབྲེལ་ཟམ་བསྐྲུན་ནས་ཤེས་དཔལ་དར་རྒྱས་ཡོང་བར་རོགས་རམ་བྱས་ཏེ་ཞི་བདེའི་སྐད་སྒྲའི་ཐོག་ནས་ཤེས་དཔལ་རྒྱུན་མཐུད་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད། “རྒྱུད་གཅིག་ལམ་གཅིག”གི་གསར་འགོད་པའི་རྩ་འཛུགས་མཉམ་ལས་ལས་སྟེགས་ཀྱི་རེས་སྐོར་ཀྲུའུ་ཞི་དང་བྷེ་ཨུ་རུ་སུའི་གསར་འགྱུར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁེ་ལི་ཝོ་ཧྲེ་ཡེ་ཧྥུའུ་ཡིས་རྒྱལ་ཁབ་ཁག་གི་གསར་འགྱུར་ལས་དོན་པས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་དངོས་གཏོང་སྤེལ་བྱས་ཏེ་གོ་ནོར་དང་ཕྱོགས་ཞེན་ཉུང་དུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བརྗོད་པ་རེད།

    གླེང་སྟེགས་ཐོག“རྒྱལ་སྤྱིའི་གསར་འགོད་པའི་ཁྱིམ་ཚང”གི་དང་བླངས་པའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ་དང་། རྒྱལ་ཁབ་11གི་གསར་འགོད་པའི་རྩ་འཛུགས་ཀྱིས“རྒྱལ་སྤྱིའི་གསར་འགོད་པའི་ཁྱིམ་ཚང”གི་ལག་ཁྱེར་རེ་ཞུ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི“སྨྱན་སྦྱོར་ཕོ་ཉ”8ཀྱིས་གསར་འགྱུར་སྤེལ་གཏོང་གི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མཉམ་སྤྱོད། ཚོགས་ཞུགས་སྐུ་མགྲོན་4ཡིས“ཕྱི་རྒྱལ་སྨྱན་སྦྱོར་མིག་ལམ་གྱི་ཤེས་དཔལ་གླེང་མོལ”མཉམ་སྤྱོད་བཅས་བྱས་པ་དང་། “ངའི་མར་སུན”ཞེས་པའི་གོ་ལ་ཧྲིལ་པོའི་བརྙན་ཐུང་བསྡུ་རུབ་འགྲེམས་སྟོན་བྱེད་སྒོའི་ཐོག་རྒྱལ་ཁབ་6གི་ཕུལ་བྱུང་བརྩམས་ཆོས་10བདམས་པ། ཕྱི་རྒྱལ་གྱི་གསར་འགོད་པ་50ལྷག་ཙམ་གྱི་ཕུལ་བྱུང་རྩོམ་ཡིག་གླེང་སྟེགས་ཀྱི་ཚོགས་འདུའི་དུས་དེབ《ཀྲུང་གོ་ཐོག་མར་ངོ་ཤེས་པའི་ཀྲུང་གོའི་རིག་གནས་ཀྱི་བག་ཆགས》ནང་བདམས་པ་རེད། “རྒྱུད་གཅིག་ལམ་གཅིག”གི་གསར་འགོད་པའི་ས་ཚིགས་ཅང་ཤིས་སུ་གཏན་འཁེལ་བྱས་པ་དེས་ཕྱི་རྒྱལ་གྱི་གསར་འགོད་པ་ཀྲུང་གོར་བཅར་འདྲི་དང་གནས་ཚུལ་འཚོལ་བསྡུ་བྱེད་པར་ཡོང་བར་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།