ལོ་སྟོད་བར་རྙིང་པ་གསར་པར་བརྗེ་བ་ལས་བྲིན་ཚོང་ལ་སྐུལ་ཁྲིད་ཐུབ་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.9ཟིན་པ།
ཟླ་7ཚེས་18ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། ལོ་སྟོད་བར་རྙིང་པ་གསར་པར་བརྗེ་བ་ལས་བྲིན་ཚོང་ལ་སྐུལ་ཁྲིད་ཐུབ་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.9ཟིན་པ་དང་མི་ཐེངས་དུང་ཕྱུར་4ཙམ་གྱིས་ཁ་གསབ་གཟིགས་སྐྱོང་ལོངས་སྤྱོད་བྱེད་པར་སྐུལ་ཁྲིད་ཐུབ་ཡོད།
རང་རྒྱལ་དུ་ཞབས་ཞུའི་འཛད་སྤྱོད་མགྱོགས་མྱུར་འཕར་བའི་དུས་མཚམས་སུ་སླེབས་ཏེ། 2020ལོ་ནས་2024ལོ་བར། རང་རྒྱལ་གྱི་གྲོང་མིའི་ཞབས་ཞུ་རང་བཞིན་གྱི་འཛད་སྤྱོད་གཏོང་སྒོ་ཆ་སྙོམས་ལོ་རེར་9.6%འཕར་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་ཡིན་པའི་རང་རྒྱལ་གྱི་གནས་བབ་དེ་བས་བརྟན་པོ་བྱུང་བ་མ་ཟད། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་བར་ལོ་རེའི་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་60%ཡས་མས་ཟིན་པས། སྒུལ་ཤུགས་གཙོ་བོའི་ནུས་པ་མུ་མཐུད་མངོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།