དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ད་ལོའི་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལྔ་བཅུ་ལས་བརྒལ་རེ་ཡོད་པ།

    གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་འཕེལ་རྒྱས་ཀྱི་རྣམ་པ་བཟང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ཁེ།   |     སྤེལ་དུས།  2025-07-21

    ཟླ་7ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་པོས‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ”ཀྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ།

    2020ལོ་ནས་2024ལོ་བར་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་ཆ་སྙོམས་ལོ་རེར་5.5%འཕར་བ།

    སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་2020ལོའི་སྒོར་དུང་ཕྱུར་ཁྲི་39.1ནས་2024ལོའི་སྒོར་དུང་ཕྱུར་ཁྲི་48.3བར་མང་དུ་ཕྱིན་ནས་ཆ་སྙོམས་ལོ་རེར་5.5%འཕར་ཏེ། ད་ལོའི་ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི་50ལས་བརྒལ་རེ་ཡོད་པ་དང་། དྲ་ཐོག་སིལ་ཚོང་བསྡོམས་འབོར་ལོ་12བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ། རླངས་འཁོར་བྲིན་ཚད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ། དྲོད་སྙོམ་སྒྲིག་ཆས་དང་གོས་འཁྲུད་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་བྲིན་ཚད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་བཅས“གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་གཞི་ཁྱོན་དེ་བས་ཆེ་རུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པའི་གནས་བབ་དེ་བས་བརྟན་དུ་ཕྱིན་ཡོད” ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་ལས་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། གྲུབ་ཆ་མུ་མཐུད་ལེགས་སུ་གཏོང་བ། མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་པ་བཅས་ལ་སྐུལ་མ་ཐེབས་ཡོད་ཅེས་ངོ་སྤྲོད་བྱས།

    ཚོང་ཟོག་འཛད་སྤྱོད་ཐད། 2024ལོར་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་བདག་ཡོད་གྲངས་ཚད་2020ལོ་ལས་ལྡབ་5.4འཕར་བ་དང་། ད་ལོའི་ལོ་སྟོད་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་ཚད་50%ཟིན་ཡོད། ལོ་སྟོད་བར། འཛད་ཟོག“རྙིང་པ་གསར་པར་བརྗེ་བའི”བྱེད་ཐབས་ལག་ལེན་བསྟར་བར་བརྟེན་བྲིན་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི2.9ཟིན་པ་དང་། མི་ཐེངས་དུང་ཕྱུར་4ཙམ་གྱིས་ཁ་གསབ་གཟིགས་སྐྱོང་ལོངས་སྤྱོད་ཐུབ་ཡོད། ཞབས་ཞུའི་འཛད་སྤྱོད་ཐད། 2020ལོ་ནས་2024ལོ་བར། གྲོང་མིའི་ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་གཏོང་སྒོ་ཆ་སྙོམས་ལོ་རེར་9.6%འཕར་ཏེ། འཕར་ཚད་ཚོང་ཟོག་འཛད་སྤྱོད་ལས་མགྱོགས་པ་བྱུང་ཡོད།

    “‘ལོ་ལྔ་ཚན་བཅུ་བཞི་པ’ནས་བཟུང་། ཚོང་དོན་པུས་དེང་རབས་ཀྱི་མཁོ་སྤྲོད་འཁོར་སྦྲེལ་སྣེ་ཁྲིད་དུ་བྱེད་པ་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་རྐང་དུ་བྱས་ནས། དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་སྐྲུན་པར་གྲུབ་འབྲས་ཡག་པོ་ཐོབ་པར་སྐུལ་འདེད་བཏང་ཡོད” ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཧྲེང་ཆིའུ་ཕིང་གིས། 2024ལོར་རང་རྒྱལ་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་13.8ཟིན་པ་དེའི་གཞི་ཁྱོན་བཟོ་སྐྲུན་ལས་རིགས་དང་ཕལ་ཆེར་ཆ་མཉམ་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་40%འཕར་ཏེ། མི་དུང་ཕྱུར་1.35ལས་ཞུགས་ཐུབ་ཡོད། ད་ལོའི་ལོ་སྟོད་དུ། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་5.9%འཕར་ནས། འཕར་ཚད་ཅུང་མགྱོགས་པའི་རྣམ་པ་སྔར་བཞིན་རྒྱུན་འཁྱོངས་ཐུབ་ཡོད། གྲོང་གསེབ་ཏུ། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་གཏིང་ཟབ་བསྐྲུན་ནས། “ཚོང་འདུས་སྟོང་དང་ཚོང་ཁང་ཁྲི”ལ་སྒྱུར་བཀོད་དང་རིམ་པ་སྤར་བར། རིམ་རྩིས་བརྒྱབ་ན། རྫོང་དང་ཤང་གྲོང་གི་ཚོང་ལས་ས་ཚིགས་སྣ་ཚོགས་ཁྲི་15.5ལ་སྒྱུར་བཀོད་བྱས་པ་དང་། སྲིད་འཛིན་གྲོང་ཚོ་95%ལྷག་ཙམ་དུ་མྱུར་སྐྱེལ་སྐུར་མ་ཐད་ཀར་འབྱོར་གྱི་ཡོད། གྲོང་ཁྱེར་དུ། རྒྱལ་ཡོངས་ཀྱི་དཔེ་སྟོན་སྤྲོ་འཆམ་ཁྲོམ་གཞུང་དང་ཚོང་སྐོར་ཁག་35དང་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་གླིང་5510བསྐྲུན་པར། གྲོང་མི་དུང་ཕྱུར་1.25ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། འཁོར་རྒྱུག་དྲ་རྒྱ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས། གྲོང་ཁྱེར་40རུ་དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་ཚོད་ལྟ་བྱས་པ་དང་། གྲང་ཕྲེང་ཟོག་འགྲེམས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། མིག་སྔར། རྒྱལ་ཡོངས་སུ་གྲང་མཛོད་བསྡོམས་འབོར་སྨི་རྒྱ་དཔངས་དུང་ཕྱུར་2.53དང་གྲང་ཉར་རླངས་འཁོར་ཁྲི་49.5ཟིན་པ་དེ། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་ཁག་སོ་སོར་42.9%དང་80%འཕར་ཡོད་ཅེས་ངོ་སྤྲོད་བྱས།

    ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པའི་སྔོན་དཔག་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་བ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་གསར་པ་ཁྲི་22.9བཙུགས་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི” རིང་ལས་ཁེ་ལས་ཁྲི་2.5མང་དུ་ཕྱིན་པ།

    “‘ལོ་ལྔ་ཚན་བཅུ་བཞི་པའི’རིང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པའི་སྔོན་དཔག་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། ད་ལོའི་ཟླ་6པའི་ཟླ་མཇུག་བར། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པའི་བསྡོམས་འབོར་ཨ་སྒོར་དུང་ཕྱུར་7087.3ཟིན་ཏེ། ཚོང་དོན་འཕེལ་རྒྱས་འཆར་འགོད་ནང་བཏོན་པའི་ཨ་སྒོར་དུང་ཕྱུར་7000ནང་འདྲེན་བྱེད་པའི་དམིགས་ཚད་ཟླ་བ་6གི་སྔོན་ལ་ལེགས་གྲུབ་བྱུང་ཡོད” ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་མི་གཞོན་པ་གཅིག་ལྕོགས་ཡིན་པའི་ལིང་ཅི་ཡིས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་གསར་པ་ཁྲི་22.9བཙུགས་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་ཁེ་ལས་ཁྲི་2.5མང་དུ་ཕྱིན་པ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱིས་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་1/3དང་། བཟོ་ལས་ཀྱི་འཕར་ཐང་གི་1/4 ཁྲལ་བསྡུའི1/7བཅས་ལ་ལེགས་སྐྱེས་ཕུལ་ནས། ལས་ཞུགས་ལས་གནས་ཁྲི་3000ལྷག་ཙམ་མཁོ་འདོན་བྱས་ཡོད། དེ་དང་དུས་མཚུངས། ཕྱི་རྒྱལ་གྱི་མ་དངུལ་སྤྱོད་པའི་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། 2024ལོར་ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་མ་དངུལ་ནང་འདྲེན་བྱེད་པའི་བསྡུར་ཚད་34.6%བཟུང་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་6འཕར་བ་དང་། རྒྱལ་སྒྲོལ་ཀུང་སི་མང་པོས་ཀྲུང་གོར་ས་ཁུལ་གྱི་སྤྱི་ཁྱབ་པུའུ་དང་གོ་ལ་ཧྲིལ་པོའི་ཞིབ་སྤེལ་ལྟེ་གནས་བཙུགས་ཡོད་ཅེས་ངོ་སྤྲོད་བྱས།

    དངོས་ཟོག་ཚོང་དོན་གྱི་གཞི་ཁྱོན་ལོ་8བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་བརྟན་པོར་གནས་པ།

    ལོ་སྟོད་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁག་དང་དངོས་ཟོག་ཚོང་དོན་ཁྲོད་བཟུང་བའི་བསྡུར་ཚད་51.8%ཟིན་པ།

    ཚོང་དོན་རྒྱལ་ཁབ་ཆེན་པོའི་གནས་བབ་བརྟན་དུ་ཕྱིན་པ་དང་། དངོས་ཟོག་ཚོང་དོན་གྱི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི་5དང་ཨ་སྒོར་དུང་ཕྱུར་ཁྲི་6ཡི་སྐས་རིམ་གཉིས་ལས་བསྟུད་མར་བརྒལ་ཏེ། 2024ལོར་2020ལོ་ལས་32.4%འཕར་ནས་ལོ་8བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་བརྟན་པོར་གནས་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོ་སྣ་མང་རང་བཞིན་གྱིས་སྟོབས་ཆེར་ཕྱིན་པ་དང་། 2024ལོར་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཡོད་གྲུབ་འབྲས་ལྡན་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་གྲངས་འབོར་ཁྲི་70ཙམ་ཟིན་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ཁྲོད་བཟུང་བའི་བསྡུར་ཚད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་56%ནས་ན་ནིང་གི་64.8%བར་འཕར་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་ལས་རྣམ་གསར་པའི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་མངོན་ནས། 2024ལོར་རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་2.7ཟིན་ནས་2020ལོ་ལས་67%འཕར་ཡོད། ཞབས་ཞུའི་ཚོང་དོན་གྱི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ཏེ་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ་དང་། རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་ཐད་བཀག་རྒྱའི་གསལ་ཐོའི་དོ་དམ་ཐེངས་དང་པོ་ལག་བསྟར་བྱས་པ་དང་། 2024ལོའི་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཚོང་དོན་བསྡོམས་འབོར་2020ལོ་ལས་38%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།