སྡེ་ཚན་བདུན་གྱིས་མཉམ་དུ་ཡིག་ཆ་བཀྲམ་སྟེ་རྒྱབ་སྐྱོར་བྱེད་ཐབས་མང་པོ་བཏོན་ནས།
ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་རྒྱལ་ནང་དུ་ མ་དངུལ་བསྐྱར་དུ་འཇོག་པར་ལྕག་སྐུལ་བྱས་པ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བདུན་གྱིས《ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་རྒྱལ་ནང་དུ་མ་དངུལ་བསྐྱར་དུ་འཇོག་པར་ལྕག་སྐུལ་བྱེད་པའི་བྱེད་ཐབས་འགའ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས། ཕྱི་རྒྱལ་ཚོང་པའི་མ་འཇོག་གིས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཟབ་ཏུ་བཏང་སྟེ། ཕྱི་རྒྱལ་གྱི་མ་དངུལ་འགུགས་ཅི་ཐུབ་དང་སྤྱོད་གང་ཐུབ་བྱས་པ་རེད།
བརྡ་ཐོའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།
རྣམ་གྲངས་ཞབས་ཞུའི་འགན་ལེན་ཤུགས་ཆེར་གཏོང་དགོས་ཤིང་། ས་གནས་ཁག་གིས་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་རྒྱལ་ནང་དུ་མ་དངུལ་བསྐྱར་དུ་འཇོག་པའི་རྣམ་གྲངས་ཀྱི་མཛོད་བཙུགས་ཏེ། རྣམ་གྲངས་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས། ཆ་རྐྱེན་འཛོམས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་རྒྱལ་ནང་དུ་མ་དངུལ་བསྐྱར་དུ་འཇོག་པའི་རྣམ་གྲངས་ཁག་གཙོ་གནད་དང་གཙོ་ཆེའི་ཕྱི་དངུལ་རྣམ་གྲངས་ཀྱི་གསལ་ཐོར་འཇུག་ཆོག་པ་མ་ཟད། དེ་མཚུངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཀྱང་ལོངས་སུ་སྤྱོད་ཆོག་ཅེས་ཁ་གསལ་བཟོས་ཡོད་པ་རེད།
ས་ཆའི་གྲུབ་ཆ་གཙོ་བོར་ལེགས་སྒྲིག་བྱེད་དགོས་ཤིང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་རྒྱལ་ནང་དུ་མ་དངུལ་བསྐྱར་དུ་འཇོག་སྐབས། བཟོ་ལས་ས་ཆ་ཡུན་རིང་བོགས་གཏོང་དང་། སྔོན་ལ་བོགས་གཏོང་དང་རྗེས་སུ་ནང་བཤུག ནང་བཤུག་དུས་མཚམས་བབ་དང་བསྟུན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དུས་འགོའི་ས་ཆའི་མ་གནས་དམའ་རུ་གཏོང་དགོས། ཞིབ་ཕྲའི་བྱེད་ཐབས་ནི་མིག་སྔར་ལག་ལེན་བསྟར་བཞིན་པའི་རྒྱབ་སྐྱོར་སྲིད་ཇུས་གཞིར་བཟུང་ལག་ལེན་བསྟར་དགོས།
འབྲེལ་ཡོད་སྒྲུབ་གཉེར་བརྒྱུད་རིམ་ལེགས་སུ་དང་སྟབས་བདེ་རུ་གཏོང་དགོས་ཤིང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་མ་དངུལ་ཡོངས་འཇོག་གི་རྣམ་པའི་ཐོག་ནས་རྒྱལ་ནང་དུ་བཙུགས་པའི་ཁྲིམས་མིའི་ཁེ་ལས་གསར་པ་ཡིན་ཕྱིན། ཁེ་ལས་དེའི་ཀུང་སི་ཨ་མར་རག་པའི་ལས་རིགས་ཆོག་འཐུས་ལག་ཁྱེར་ལྟར་རེ་ཞུ་བྱས་ན་ཆོག་ལ། གལ་སྲིད་གཞི་རྩའི་ཆ་རྐྱེན་འཛོམས་ཚེ། ལས་རིཌ་གཙོ་གཉེར་སྡེ་ཚན་གྱིས་སྒྲུབ་གཉེར་བརྒྱུད་རིམ་ཁྲིམས་ལྟར་ལེགས་སུ་དང་སྟབས་བདེ་རུ་བཏང་ནས་སྒྲུབ་གཉེར་དུས་ཚོད་ཐུང་དུ་བཏང་ཆོག
རྒྱབ་སྐྱོར་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། ཁྲལ་བསྡུའི་ཐད་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་ཁྲིམས་ལྟར་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱི་རྒྱལ་གྱི་མ་འཇོག་ཚོང་པས་ཀྲུང་གོར་མ་དངུལ་བསྐྱར་དུ་འཇོག་པར་ལྕག་སྐུལ་བྱས་ནས། ནུས་ལྡན་གྱི་མ་འཇོག་དེ་བས་མང་བ་ཐོན་པར་སྐུལ་འདེད་གཏོང་དགོས། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་མ་དངུལ་བསྐྱར་དུ་བཞག་པ་དེ་ཁེ་ལས་ཀྱིས་མ་འཇོག་བྱས་པའི་ལྕག་སྐུལ་རིགས་ཀྱི་རྣམ་གྲངས་ཡིན་ཚེ། ནང་འདྲེན་སྒྲིག་ཆས་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཆོག
ཕྱི་དངུལ་ཚོང་པའི་མ་དངུལ་བེད་སྤྱོད་གཏོང་བདེ་པོ་བཟོ་དགོས་ཤིང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་ཁྲིམས་མཐུན་གྱི་ཕྱི་དངུལ་གྱི་ཁེ་སྤོགས་དང་། ཕྱི་རྒྱལ་གྱི་མ་འཇོག་ཚོང་པས་རྒྱལ་ནང་གི་ཁྲིམས་མཐུན་གྱི་ཕྱི་དངུལ་གྱི་ཁེ་སྤོགས་ལ་བརྟེན་ནས་རྒྱལ་ནང་དུ་མ་དངུལ་བསྐྱར་དུ་བཞག་ཕྱིན། འབྲེལ་ཡོད་ཕྱི་དངུལ་གྱི་མ་དངུལ་དག་གཏན་འབེབས་ལྟར་རྒྱལ་ནང་ནས་བཅད་སྤྲོད་རྩིས་སྒྱུར་བྱས་ཆོག
དངུལ་རྩའི་རྒྱབ་སྐྱོར་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཆ་རྐྱེན་འཛོམས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་རྒྱལ་ནང་དུ་མ་དངུལ་བསྐྱར་དུ་འཇོག་པར་མཁོ་བའི་ཕྱི་ཕྱོགས་ཀྱི་འབྲེལ་ལྡན་རྐང་བདག་དངུལ་བུན་དང“དོམ་ཁྲའི་དངུལ་བུན”རིགས་ལ་དོ་དམ་གྱི་བརྒྱུད་རིམ་ལེགས་སུ་བཏང་ནས། “ཐོགས་མེད་བགྲོད་ལམ”ཀྱི་དོ་དམ་བྱེད་ཁོངས་སུ་འཇུག་དགོས། དངུལ་རྩའི་སྒྲིག་གཞི་ཁག་གིས་ཁྲིམས་བསྟུན་སྒྲིག་མཐུན་དང་ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱས་ནས། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་རྒྱལ་ནང་དུ་མ་དངུལ་བསྐྱར་དུ་འཇོག་པར་དངུལ་རྩའི་ཞབས་ཞུ་དང་རྒྱབ་སྐྱོར་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།